ཐུར་ཁེས་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་ཁུའུ་ཨར་ཏི་དྲག་ཆས་མི་སྣ་བཅུ་གསུམ་བསད།
2024.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཟླ7པའི་ཚེས30ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་ཁུའུ་ཨར་ཏི་དྲག་ཆས་མི་སྣ13བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ཀྱི་ཀའེ་ལཱ་དང་ཧཱ་ཧྥུའུ་ཐཱ་ཉིང་ས་ཁུལ་དུ་ཁུའུ་ཨར་ཏི་དྲག་ཆས་མི་སྣ་རྙེད་ནས་བར་སྣང་འཇབ་རྒོལ་བྱས་པ་ཡིན་ཟེར།

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཐུར་ཁེ་ཡིས་མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།