འཁྱག་གླིང་གི་ཙུང་ཐུང་གསར་པ་ཐའོ་མཱ་སི་ཏའོ་ཏིས་ཨར་གྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2024.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

འཁྱག་གླིང་གི་གསར་དུ་བདམས་པའི་ཙུང་ཐུང་ཐའོ་མཱ་སི་ཏའོ་ཏིས་ཨར་གྱིས་ཟླ8པའི་ཚེས1ཉིན་འཁྱག་གླིང་གི་རྒྱལ་ས་ལོས་ཁི་ཡཱ་ཝེ་ཁི་ནས་བསྡུས་པའི་མཛད་སྒོའི་སྟེང་དམ་བཅའ་བཞག་སྟེ་ལས་འགན་ཁུར། མོ་ནི་འཁྱག་གླིང་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་ཨང་གཉིས་པ་ཡིན།

ཐའོ་མཱ་སི་ཏའོ་ཏིས་ཨར་གྱིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས་གྲོས་མོལ་དང་མཉམ་ལས། དཀྱེལ་ཡངས་བཅས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཁྱད་པར་དུ་ན་གཞོན་རབས་དེར་ཞུགས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད། ཁོ་མོས་ནན་གྱིས་བསྟན་དོན། འཁྱག་གླིང་གིས་ངེས་པར་དུ་གྲུབ་འབྲས་ཐོན་ཡོད་པའི་རྨང་གཞིའི་སྟེང་མུ་མཐུད་དུ་གོང་འཕེལ་བརྩོན་ལེན་བྱས་ནས། ཚད་གཞི་མཐོན་པོ་གསར་བསྐྲུན་དང་སྲུང་འཛིན་བྱེད་དགོས་པའི་སྐུལ་མ་བཏང་།

འཛམ་གླིང་ཡོངས་ཀྱི་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་པའི་འཁྲུག་རྩོད་དང་ཡིད་ཆེས་ཀྱི་ཉམས་ཉེན་མདུན་ནས། ཐའོ་མཱ་སི་ཏའོ་ཏིས་ཨར་གྱིས་སྟབས་བདེ་ཅན་དང་ཐལ་དྲགས་པའི་ཐག་གཅོད་ཇུས་གཞིར་དོགས་ཟོན་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་བསྟན་དོན། འཁྱག་གླིང་གིས་དཀའ་སྡུག་གི་འཇིག་རྟེན་ནས་སྔར་ལས་དྲོད་ཁོལ་ལྡན་པའི་ལམ་ཞིག་གདམ་གསེས་བྱེད་ཐུབ་པའི་བློ་གྲོས་དང་བློ་སྤོབས་ཡོད་ཟེར།

ཐའོ་མཱ་སི་ཏའོ་ཏིས་ཨར་ནི1968ལོའི་ཟླ10བར་སྐྱེས་པ་དང་། ད་ལོའི་ཟླ6པའི་ཚེས1ཉིན་བསྡུས་པའི་འཁྱག་གླིང་གི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་ཡིན་ལ། 2016ལོར་ལས་འགན་ཁུར་བའི་ཡའོ་ཧན་ནེ་སུང་གི་ཚབ་ཏུ་འགན་ཁུར་རྒྱུ་རེད།

འཁྱག་གླིང་གི་ཙུང་ཐུང་དེ་དམངས་ཡོངས་ཀྱིས་ཐད་ཀར་བདམས་པ་ཡིན་ཞིང་། འགན་ཡུན་ལོ་བཞི་ཡིན་པ་དང་བསྟུད་འགན་ཁུར་ཆོག་པ་ཡིན།


བསོད་ནམས་ཚེ་རིང་གིས་བསྒྱུར།