སུའུ་ཏན་དབུས་ཕྱོགས་ཀྱི་གྲོང་སྡེ་གཉིས་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་སེར་དཀྱུས་མ17རྐྱེན་ལམ་དུ་ཤོར།
2024.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སུའུ་ཏན་དབུས་ཕྱོགས་ཀྱི་ཅེ་ཅི་ལཱ་མངའ་སྡེའི་ལྟེ་གནས་ཝ་ཏི་མེད་ཏཱ་ནེ་གྲོང་ཁྱེར་གྱི་ས་གནས་རྩ་འཛུགས་ཝ་ཏི་མེད་ཏཱ་ནེ་འགོག་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས་གཅིག་ཉིན་བཤད་རྒྱུར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉེ་སྔོན་མངའ་སྡེ་དེའི་གྲོང་སྡེ་གཉིས་ལ་སོ་སོར་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི17རྐྱེན་ལམ་དུ་ཤོར་ཟེར།

ཝ་ཏི་མེད་ཏཱ་ནེ་འགོག་རྒོལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཟླ7པའི་ཚེས31ཉིན་མེད་ནཱ་ཅི་ལེ་གྲོང་ཁྱེར་གྱི་ཝ་ཏི་ཨ་ཧྲ་སྡེ་བར་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེ་ལས་གཞན་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མེད་ནཱ་ཅི་ལེ་གྲོང་ཁྱེར་བྱང་ངོས་ཀྱི་ཨ་ཏི་ནཱ་པུའུ་སྡེ་བར་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མ་བཅུ་ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར།

སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།