ཟླ8པའི་ཚེས2ཉིན། ཨ་མེ་རི་ཁའི་དམངས་གཙོ་ཏང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཧ་ལིས་སིར། དམངས་གཙོ་ཏང་གི་ཙུང་ཐུང་འོས་མིའི་མིང་འདོན་འདང་ངེས་ཀྱི་ཏང་གི་འཐུས་མིའི་འདེམས་ཤོག་ཐོབ་ཡོད་ཅེས་ཁྱབ་སྒྲོག་བྱས།
དམངས་གཙོ་ཏང་གི་འཐུས་མི4700ཙམ་ཞུགས་པའི་དྲ་ལམ་ནས་འདེམས་ཤོག་འཕེན་པའི་ལས་སྒོ་དེ་ཚེས1ཉིན་གྱི་སྔ་དྲོ་ནས་སྤེལ་འགོ་བརྩམས། དུས་ཡུན་ཉིན་གཅིག་དང་ཕྱེད་ཀའི་རིང་ལ་འདེམས་ཤོག་འཕངས་པ་བརྒྱུད། དམངས་གཙོ་ཏང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་མེ·ཧ་ལིའ་སུན་གྱིས་ཁྱབ་སྒྲོག་བྱས་དོན། ཧ་ལིས་སིར་མིང་འདོན་བྱས་པའི་ཏང་གི་འཐུས་མིའི་འདེམས་ཤོག་འདང་ངེས་ཐོབ་ཡོད་ཅེས་ཁྱབ་སྒྲོག་བྱས། ཨུ་ཡོན་ལྷན་ཁང་གིས་སྔོན་དཔག་བྱས་ན་ཚེས5ཉིན་ད་ཐེངས་ཀྱི་དྲ་ལམ་ནས་འདེམས་ཤོག་འཕེན་པའི་ལས་སྒོ་མཇུག་སྒྲིལ་ངེས་ཡིན་པར་མ་ཟད། དེ་འབྲེལ་གྱི་འབྲས་བུའང་ཁྱབ་སྒྲོག་བྱེད་ཐུབ། ཧ་ལིས་སི་ཡི་འདེམ་བསྐོའི་ཚོགས་པས་ཧ་ལིས་སིར་འདེམས་ཤོག2350ལྷག་ཙམ་ཐོབ་ནས། མིང་འདོན་གྱི་སྒོ་ཐེམ་ལ་སླེབས་ཡོད་ཟེར།
ཟླ7པའི་ཚེས21ཉིན། ཨ་མེ་རི་ཁའི་ཙུང་ཐུང་། དམངས་གཙོ་ཏང་གི་མི་པའེ་ཏིན་གྱིས་ཆབ་སྲིད་དང་གླེང་ཕྱོགས་དུ་མའི་གནོན་ཤུགས་འོག་ཏུ། འདེམས་བསྐོའི་ཁྲོད་མི་ཞུགས་རྒྱུ་ཁྱབ་སྒྲོ་བྱས་པར་མ་ཟད། ཧ་ལིས་སི་དམངས་གཙོ་ཏང་གི་ཙུང་ཐུང་གི་འོས་མིར་འོས་སྦྱོར་བྱས། དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དེ་ཟླ8པའི་ཚེས19ནས་ཚེས22ཉིན་བར་ཨ་མེ་རི་ཁའི་གྲོང་ཁྱེར་ཀྲི་ཅ་ཀི་རུ་འཚོགས་རྒྱུ་གཏན་འཁེལ་བྱས་ཡོད་ལ། དམངས་གཙོ་ཏང་གིས་ཚོགས་ཆེན་སྟེང་ཏང་དེའི་ཙུང་ཐུང་གི་འོས་མི་དངོས་སུ་མིང་འདོན་བྱེད་རྩིས་ཡོད་པ་རེད། དམངས་གཙོ་ཏང་གིས་དུས་ཚོད་སྔ་སྣུར་སྒོས་དྲ་ལམ་ནས་འདེམས་ཤོག་འཕངས་ཏེ། ཏང་ནང་གི་ཙུང་ཐུང་འོས་མི་གང་མགྱོགས་གཏན་འཁེལ་བྱ་རྒྱུའི་རེ་བ་འཛིན་གྱིན་ཡོད།
ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ་ཧ་ལིས་སི་ཡིས་སྔོན་དཔག་བྱས་ན་ཆེས་འཕྱི་ནའང་ཚེས5ཉིན་ཁོ་མོའི་བདམ་ཐོན་ཟླ་གྲོགས་སུ་ཡིན་ཡོངས་བསྒྲགས་བྱ་རྒྱུ་ཡིན་ལ། ཁོ་གཉིས་ཀྱིས་ཚེས6ཉིན་ཨ་མེ་རི་ཁའི་གྲོང་ཁྱེར་ཧྥེ་ཁྲིན་དུ་མཉམ་འབྲེལ་བདམ་ཐོན་འགྲན་བསྡུར་གྱི་འདུ་འཛོམས་ཐེངས་དང་པོ་བསྡུ་ངེས་ཡིན། ཧ་ལིས་སིའི་འདེམ་བསྐོའི་འགྲན་བསྡུར་གྱི་ཟླ་གྲོགས་ཚ་ཤོས་ནི། པིན་ཞི་ཧྥ་ཉི་ཡ་མངའ་སྡེ་ཡི་དཔོན་པོ་ཞ་ཕིས་ལའོ་དང་། ཡཱ་ལིས་སང་ནཱ་མངའ་སྡེ་ཡི་གྲོས་ཁང་གོང་མའི་གྲོས་མི་ཁའེ་ལིས། ཁེན་ཐཱ་ཅི་མངའ་སྡེ་ཡི་དཔོན་པོ་པའེ་ཞིས་ཨར་བཅས་ཡིན།
བན་དེ་སྐྱབས་ཀྱིས་བསྒྱུར།