ཚེས3ཉིན། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་གསལ་བསྒྲགས་སྤེལ་ནས། རྩ་འཛུགས་དེའི་མི་ཁྲིད་རིམ་པས་མགོ་ཁྲིད་པ་གསར་པ་གདམ་རྒྱུའི་ཐད་རྒྱ་ཁྱབ་ངང་གྲོས་མོལ་བྱེད་མགོ་བརྩམས་ཡོད་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ཧ་མ་སིས་མགོ་ཁྲིད་པ་མང་པོ་འདས་རྗེས། སྒྲིག་སྲོལ་ལམ་ལུགས་གཞིར་བཟུང་ནས་ཚབ་བྱེད་འོས་མི་མགྱོགས་མྱུར་ངང་བདམས་ཡོད། ཧ་མ་སིའི་ལག་བསྟར་དང་བློ་འདྲི་སྒྲིག་གཞིས་སྔར་བཞིན་མུ་མཐུད་དུ་ལས་དོན་སྤེལ་བཞིན་ཡོད་པ་དང་། མགོ་ཁྲིད་གསར་པའི་འོས་མི་དེ་གྲོས་མོལ་བྱས་རྗེས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཟེར།
ཧ་མ་སིས་ཟླ7པའི་ཚེས31ཉིན་ཧ་མ་སིའི་ཆབ་སྲིད་ཅུའུ་ཡི་མགོ་ཁྲིད་པ་དབྱི་སི་མེར·ཧ་ཉི་ཡ་ལ་ཉིན་དེའི་ཐོ་རེངས་དུས་སུ་དབྱི་ལིང་གི་རྒྱལ་ས་ཐེ་ཧེ་རན་དུ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་ཡོད་པ་བདེན་དཔང་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།