ནི་ཀྲིར་དམག་ཕྱོགས་ཀྱིས་ཚེས5ཉིན་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ནེ་ཀྲིར་བྱང་རྒྱུད་ཀྱི་ཨ་ཅ་ཏི་ཚིའི་མཁའ་དམག་རྟེན་གཞི་སྒོ་བརྒྱབ་ཡོད། འདིས་ཨ་མེ་རི་ཁས་ནི་ཀྲེར་ནས་སྔ་སྣུར་སྒོས་དམག་དཔུང་ཕྱིར་འཐེན་ལེགས་གྲུབ་བྱུང་བ་མཚོན་ཡོད་ཟེར།
སྤྱི་བསྒྲགས་ནང་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཅ་ཏི་ཚིའི་མི་མེད་གནམ་གྲུའི་དམག་དོན་རྟེན་གཞི་སྒོ་བརྒྱག་པའི་མཛད་སྒོ་ཉིན་དེར་འཚོགས་པ་དང་། ནི་ཀྲིར་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་དཔོན་རིགས་མཛད་སྒོར་ཞུགས།
2013ལོ་ནས་བཟུང་ཨ་མེ་རི་ཁས་ནི་ཀྲིར་དུ་དམག་དཔུང་བཅའ་སྡོད་བྱས་པ་དང་། རྒྱལ་ཁབ་དེའི་དམག་དོན་རྟེན་གཞི་གཉིས་ནི་རྒྱལ་ས་ཉི་ཡ་མའེ་རུ་གནས་པའི101མཁའ་དམག་རྟེན་གཞི་དང་ཨ་ཅ་ཏི་ཚི་རུ་གནས་པའི201མཁའ་དམག་རྟེན་གཞི་ཡིན་ལ། དམག་མི་ཆིག་སྟོང་ཙམ་བཀོད་སྒྲིག་བྱས་ཡོད་པ་རེད། ད་ལོའི་ཟླ3པར་ནི་ཀྲིར་བར་བརྒལ་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁ་བར་གྱི་དམག་དོན་མཉམ་ལས་གྲོས་མཐུན་མཚམས་འཇོག་དགོས་ལ། དེའི་རྒྱུ་མཚན་ནི་གྲོས་མཐུན་དེ་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་བཙན་འགེལ་བྱས་པ་ཞིག་ཡིན་པས་རེད་ཟེར། ཟླ5བའི་ཚེས19ཉིན། ནེ་ཀྲིར་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་འཐུས་མིས་ཉི་ཡ་མེ་རུ་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ནས་ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁའི་དམག་དཔུང་ད་ལོའི་ཟླ9པའི་ཚེས15ཉིན་ནེ་ཀྲིར་མངའ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས། ཟླ7པའི་ཚེས7ཉིན། ནེ་ཀྲིར་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁས་ཉི་ཡ་མེའི101མཁའ་དམག་རྟེན་གཞི་ནས་བཅའ་སྡོད་དམག་དཔུང་ཕྱིར་འཐེན་བྱས་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།