ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨཱར་པཱ་ཉི་སི་ཡིས་ཚེས5ཉིན་ཁྱབ་བསྒྲགས་བྱས་དོན། ཨོ་སི་ཁྲུ་ལི་ཡའི་གཞུང་ཕྱོགས་ཀྱིས་འཇིགས་སྐུལ་རིམ་པ་དེ་སྲིད་པ་ནས་ལྷག་ཏུ་སྲིད་པའི་བར་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།
ཨཱར་པཱ་ཉི་སི་ཡིས་ཉིན་དེར་ཁཱན་ཕའེ་ལཱ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་སྟེང་བསྟན་དོན། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཨོ་སི་ཁྲུ་ལི་ཡཱའིབདེ་འཇགས་གསང་འཕྲིན་ཅུའུ་ཡི་བསྡུས་འཕྲིན་འབྱོར་རྗེས་འཇིགས་སྐུལ་རིམ་པ་མཐོར་འདེགས་གཏོང་རྒྱུ་ཐག་བཅད་ཡོད།
ཨཱར་པཱ་ཉི་སི་ཡིས་དུས་མཚུངས་སུ་བསྟན་དོན། ལྷག་ཏུ་སྲིད་པ་དེ་ཡང་སྔོན་འགོག་བྱེད་ཐབས་མེད་པ་ཞིག་མ་ཡིན་ལ། གསང་འཕྲིན་ལས་མངོན་པའི་ཁ་ཚ་དགོས་གཏུག་གི་འཇིགས་ཉེན་ཡོད་པའང་མཚོན་མེད་ཀྱང་། ང་ཚོས་དོགས་ཟོན་མཐོར་འདེགས་བྱེད་པའི་འགན་འཁྲི་ཡོད་ཟེར།
ཨོ་སི་ཁྲུ་ལི་ཡའི་བདེ་འཇགས་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་མེད་ཁུ་པའོ་ཅི་སི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ལས་ཁུངས་དེས་ད་ལོའི་ཟླ4པའི་ཚུན་ལ། འབྱུང་སྲིད་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་བརྒྱད་ཕམ་ཉེས་བཏང་ཡོད་ཟེར། ཁོས་དུས་མཚུངས་སུ་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མུ་མཐུད་དུ་བྱུང་བ་ནི་འཇིགས་སྐུལ་རིམ་པ་ཇེ་མཐོར་བཏང་བའི་རྒྱུ་རྐྱེན་མིན་ཡང་རྒྱུ་གལ་ཆེན་ཞིག་ཡིན་ཟེར།
དངོས་སྦྱོང་སློབ་མ་རྡོ་རྗེ་དཔལ་འབྱོར་གྱིས་བསྒྱུར།