དབྱི་ལིང་དང་ཅོར་ཏན་གྱིས་ཧཱ་མཱ་སིའི་མགོ་ཁྲིད་པ་ལྐོག་གསོད་ཐེབས་པའི་གནད་དོན་དང་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས།
2024.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས4ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་མགོ་ཁྲིད་པ་ཧཱ་ནེ་ཡཱ་ལ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་དང་། ཅཱ་ཧྲ་ས་ཁུལ་གྱི་འཕེལ་རྒྱས། ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཕའེ་ཙེ་ཞི་ཆི་དབྱང་གིས་བཤད་རྒྱུར། དབྱི་སི་རལ་གྱིས་ཏི་ཧེ་ལན་ནས་ཧཱ་ནེ་ཡཱ་ལྐོག་གསོད་བྱས་པ་ནི་ནོར་འཆུག་ཆེན་པོ་ཞིག་ཡིན་ལ། དབྱི་སི་རལ་གྱི་བྱ་སྤྱོད་དེར་འཁོན་ལན་སློག་ངེས་ཡིན་ཟེར།

ཕའེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། དབྱི་ལིང་དང་ཅོར་ཏན་གྱི་རྒྱུན་ལྡན་འབྲེལ་བ་སླར་གསོ་བྱེད་པའི་གྲོས་མོལ་ལ་མྱུར་མོར་གྲུབ་འབྲས་ཐོབ་པར་རེ་བཞིན་ཡོད་པ་དང་། དབྱི་སི་ལན་རྒྱལ་ཁབ་གཉིས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པའི་མཛའ་མཐུན་མཉམ་ལས་ཁྲོད་ས་ཁོངས་དེའི་མི་དམངས་ལ་ཁེ་ཕན་ཐོབ་པར་བྱེད་ཐུབ་ཟེར།

སཱ་ཧྥ་ཏིས་ཀྱིས་བསྟན་དོན། ཅོར་ཏན་གྱིས་ཧཱ་ནེ་ཡཱ་ལྐོག་གསོད་ཐེབས་པའི་བྱ་སྤྱོད་ལ་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། བྱ་སྤྱོད་དེས་ས་ཁུལ་གྱི་འཁྲུག་རྩོད་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་ངེས་རེད་ཟེར།

ཐུག་འཕྲད་བྱེད་སྐབས། སཱ་ཧྥ་ཏིས་ཀྱིས་ཕའེ་ཙེ་ཞི་ཆི་དབྱང་གིས་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཕའེ་ཙེ་ཞི་ཆི་དབྱང་དབྱི་ལིང་གི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུ་བཞིན་པ་བརྒྱུད་སྒྲོག་བྱས་པ་དང་། ཅོར་ཏན་གྱིས་དབྱི་ལིང་བར་གྱི་རྒྱུན་ལྡན་འབྲེལ་བ་སླར་གསོ་བྱེད་པར་འཚོལ་ཞིབ་བྱེད་བཞིན་ཡོད་པར་མ་ཟད། མཉམ་དུ་འབད་བརྩོན་བྱས་ནས་ས་ཁུལ་དེའི་གཏན་འཇགས་དང་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

སཱ་ཧྥ་ཏིས་ཀྱིས་བཤད་རྒྱུར། ཅོར་ཏན་ནི་དབྱི་སི་རལ་གྱིས་ཧཱ་ནེ་ཡཱ་ལྐོག་གསོད་བཏང་བ་དང་དེས་དབྱི་ལིང་རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་སྐྱེལ་བ་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བར་རྒོལ་གཏམ་གཏོང་བའི་རྒྱལ་ཁབ་ཐོག་མ་ཡིན་པ་དང་། ཅོར་ཏན་གྱི་བརྡ་འཕྲིན་གསལ་བོ་ཡིན་ཏེ། ངེས་པར་དུ་འཁྲུག་རྩོད་མཚམས་འཇོག་པ་དང་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་ནས་བཟོས་པའི་ནག་ཉེས་དང་བཙན་འཛུལ་བྱ་སྤྱོད་མཚམས་འཇོག་དགོས་པར་བསྟན་ཡོད། སཱ་ཧྥ་ཏིས་ཀྱིས་བསྟན་དོན། ཕཱ་ལེ་སི་ཐན་གནད་དོན་ནི་ཅོར་ཏན་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་མའི་གནད་དོན་ཡིན་ལ། ཅོར་ཏན་གྱིས་རང་ནུས་ཅི་ལྕོགས་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

དེའི་སྔོན་ཅོར་ཏན་དང་དབྱི་སི་རལ་གྱིས་འབྲེལ་བ་ཟབ་མོ་སྲུང་འཛིན་བྱས་ཤིང་། ཅོར་ཏན་གྱིས་དབྱི་ལིང་གིས་དབྱི་སི་རལ་དུ་ཏོང་འཕེན་བྱས་པའི་མི་མེད་གནམ་གྲུ་དང་འཕུར་མདའ་སོགས་བཀག་འགོག་བྱས་པས། དབྱི་ལིང་དང་ཅོར་ཏན་གྱི་འབྲེལ་བ་ཅུང་ཇེ་ཞན་དུ་སོང་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།