དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི10བསད།
2024.08.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས5ཉིན་གྱི་དགོང་མོ་ནས་ཚེས6ཉིན་བར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་མང་བོར་འགུལ་སྐྱོད་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི10བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས5ཉིན་གྱི་དགོང་མོར་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ཡཱ་ཁཱ་པཱ་གྲོང་རྡལ་དུ་མེ་མདའ་བཀོལ་ནས་མི4བསད་པ་དང་། གཞན་ཡང་མི7ལ་རྨས་ཕོག དེའི་ནང་མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་རེད། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས6ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ཅེ་ཉིང་གྲོང་ཁྱེར་ནས་མི་ལྔ་བསད། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས6ཉིན་ད་རུང་ཅོར་ཏན་གཙང་བོའི་ནུབ་འགྲམ་ལྷོ་ངོས་ཀྱི་པའོ་ལེ་ཧིན་གྲོང་ཁྱེར་ཉེ་འདབས་སུ་མེ་མདའ་བཀོལ་ནས་མི་གཅིག་བསད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཅེ་ཉིང་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣར་བར་སྣང་འཇབ་རྒོལ་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།