ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁའི་དམག་དོན་གྲུ་གཟིགས་གཉིས་དང་ཚོང་དོན་གྲུ་གཟིངས་གཅིག་ལ་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་ཉིན་དེར་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་ཡཱ་ཏེན་མཚོ་ཁུགས་ཀྱི་ཨ་མེ་རི་ཁའི་དམག་དོན་གྲུ་གཟིངས་གཅིག་དང་མཚོ་དམར་མཚོ་ཁོངས་ཀྱི་ཚོང་དོན་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་ཟེར།

སཱ་ལོས་ཡཱ་ཡིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཡཱ་ཏེན་མཚོ་ཁུགས་ནས་མི་མེད་གནམ་གྲུ་མང་བོ་བཀོལ་ནས་ཨ་མེ་རི་ཁའི་ཁི་ཨར་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཏེ་ལེགས་འགྲུབ་བྱུང་ཡོད་པར་མ་ཟད། འཕུར་མདའ་བཀོལ་ནས་ཨ་མེ་རི་ཁའི་ལཱ་པུའུ་ཨིན་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དོན་གྲུ་གཟིངས་དེ་གཉིས་ཡཱ་ཏེན་མཚོ་ཁུགས་བརྒྱུད་དེ་མཚོ་དམར་མཚོ་ཁོངས་ཀྱི་བྱང་ངོས་སུ་བགྲོད་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་དབྱི་སི་རལ་ལ་སྲུང་སྐྱོབ་འདོན་སྤྲོད་བྱེད་ཆེད་རེད་ཟེར།

དེ་ལས་གཞན་སཱ་ལོས་ཡཱ་ཡིས་བཤད་རྒྱུར། རྩ་འཛུགས་དེས་འཕུར་མདའ་དང་མི་མེད་གནམ་གྲུ་མང་བོ་བཀོལ་ནས་མཚོ་དམར་མཚོ་ཁོངས་ཀྱི་ཚོང་དོན་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་པ་དང་། གཟུར་མེད་དུ་དམིགས་འབེན་ལ་ཕོག་ཡོད་ཟེར། ཁོས་ཚོང་དོན་གྲུ་གཟིངས་དེ་རྒྱལ་ཁབ་གང་གི་ཡིན་པ་གསལ་བོར་གླེང་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།