ཨོ་སི་ཁྲུ་རི་ཡཱ་ཡིས་འཇིགས་སྐུལ་འཇབ་རྒོལ་འཆར་འགོད་བྱས་པའི་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས།
2024.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨོ་སི་ཁྲུ་རི་ཡཱའི་ནང་སྲིད་པུའུ་ཡིས་ཚེས7ཉིན་ཁྱབ་བསྒྲགས་བྱས་དོན། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཨ་མེ་རི་ཁའི་གླུ་བ་སི་ཝེ་ཧྥུའུ་ཐི་ཡི་འཁྲབ་སྟོན་ཚོགས་འདུར་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་འཆར་འགོད་བྱས་པའི་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་ཟེར།

ཨོ་སི་ཁྲུ་རི་ཡཱའི་ནང་སྲིད་པུའུ་ཡི་སྤྱི་བའི་བདེ་འཇགས་ཀྱི་འགན་ཁུར་བ་ཧྥོ་ལིང་ཚི་ལུའུ་ཧྥུའུ་ཡིས་ཚེས7ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་སྔ་དྲོར་རྒྱལ་ས་ཝེ་ཡེ་ནཱའི་ཉེ་འདབས་ཀྱི་ཐེ་ཨར་ནེ་ཚི་གྲོང་རྡལ་ནས་ལོ་བཅུ་དགུ་ཅན་གྱི་དོགས་ཡོད་ཅན་ཅན་གཅིག་འཛིན་བཟུང་བྱས། མི་དེས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བློ་དཀར་བྱེད་བཞིན་ཡོད་པ་ཁྱབ་བསྒྲགས་བྱས། དོགས་ཡོད་ཉེས་ཅན་གཞན་པ་ཞིག་ནི་ཉིན་དེའི་ཕྱི་དྲོར་ཝེ་ཡེ་ནཱ་ནས་འཛིན་བཟུང་བྱས། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

སི་ཝེ་ཧྥུའུ་ཐི་ཡི་འཁྲབ་སྟོན་ཚོགས་འདུའི་གཙོ་སྒྲུབ་ཕྱོགས་ཁག་གིས་ཚེས7ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། བདེ་འཇགས་རྒྱུ་རྐྱེན་དང་གིས་སི་ཝེ་ཧྥུའུ་ཐི་ཡི་ཝེ་ཡེ་ནཱའི་འཁྲབ་སྟོན་ཐེངས་གསུམ་པོ་རྩིས་མེད་དུ་བཏང་བ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།