དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར།
2024.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་མཁར་གྱི་སློབ་གྲྭ་གཉིས་ལ་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སློབ་གྲྭ་དེ་གཉིས་སུ་ཡུལ་འཁྱམས་བྱེད་པའི་མང་ཚོགས་མང་བོ་ཡོད་པ་དང་། མིག་སྔར་མི་མང་བོ་ཞིག་རོའི་འོག་ཏུ་མནན་ཡོད་ཟེར།

གཞན་ཡང་ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས8ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅཱ་ཧྲའི་དབུས་ཕྱོགས་ཀྱི་པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་སའི་ཐོག་ཁང་ཞིག་དང་། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སིའི་ཐོག་ཁང་ཞིག་ལ་འགས་གཏོར་བཏང་སྟེ། སོ་སོར་ཉུང་མཐར་ཡང་མི8དང་མི་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས8ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་མཁའ་དམག་གིས་ཉིན་དེར་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་མཁར་དུ་ཡོད་པའི་བཀོད་འདོམ་དང་ཚོད་འཛིན་ལྟེ་གནས་གིས་ལ་འཇབ་རྒོལ་བྱས། བཀོད་འདོམ་ལྟེ་གནས་དེ་སློབ་གྲྭ་གཉིས་ཀྱི་ར་སྐོར་ནང་དུ་ཡོད་པ་དང་། དྲག་ཆས་མི་སྣས་གནས་དེར་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་བྱེད་ཐབས་ལ་འཆར་འགོད་ལག་བསྟར་བྱེད་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། དེ་ནི་གསང་འཕྲིན་གཞིར་བཟུང་ནས་གནད་འཁེལ་ཆམ་ཕབ་བཏང་བ་ཡིན་པ་དང་། བྱེད་ཐབས་མང་བོ་སྤྱད་དེ་མི་སེར་དཀྱུས་མའི་གནོད་པ་ཇེ་ཆུང་དུ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།