ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟིས་ཚེས8ཉིན་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ངམ། སྤྱི་མཐུན་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣ་ཐི་ལིང་ཕུའུ་ཡིས་ཟླ9བའི་ཚེས10ཉིན་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ། དམངས་གཙོ་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣ་ཧཱ་ལི་སི་དང་རྩོད་གླེང་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་ཉིན་དེར་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཧེ་ཧུའུ་སྤྲོ་སྐྱིད་གླིང་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཁོས་ཧཱ་ལི་སིའི་བར་རྩོད་གླེང་བྱད་པར་རེ་སྒུག་བྱས་ཡོད་པར་མ་ཟད། ཧཱ་ལི་སི་དང་དེའི་འགྲན་རྩོད་ལས་རོགས་པ་བོ་ཨར་ཙི་ལ་བརྙས་དམོད་བྱས། ཧཱ་ལི་སི་ཡིས་དེའི་ལན་དུ་བཤད་རྒྱུར། ཁོ་མོས་ཐི་ལིང་ཕུའུ་དང་རྩོད་གླེང་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།
དེའི་སྔོན་ཐི་ལིང་ཕུའུ་དང་ཧཱ་ལི་སི་གཉིས་ཀྱིས་ཕན་ཚུན་ལ་སྐྱོན་འཛུགས་བྱས་ནས་ཕ་རོལ་བོ་རྩོད་གླེང་བྱེད་པར་སྐྲག་བཞིན་ཡོད་པའི་ཚུལ་བསྟན།
ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གི་རྩོམ་ཡིག་ལས་བཤད་རྒྱུར། ཐི་ལིང་ཕུའུ་དང་ཧཱ་ལི་སིའི་རྩོད་གླེང་ནི་ད་ལོའི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་ཉེན་ཁ་ཆེ་བའི་དུས་སྐབས་ཤིག་ཡིན་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།