རུ་ཝང་ཏའི་ཙུང་ཐུང་ཁཱ་ཅཱ་མཱེ་ཡིས་དམ་བཅའ་བཞག་ནས་ལས་འགན་ཁུར།
2024.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཚེས11ཉིན་བདེ་ལེགས་ངང་བསྟུད་འགན་ཁུར་བའི་རུ་ཝང་ཏའི་ཙུང་ཐུང་ཁཱ་ཅཱ་མཱེ་ཡིས་རྒྱལ་ས་ཅཱིས་ཅཱ་ལིས་ཀྱི་རྒྱལ་ཁབ་ཞི་བདེ་ལུས་རྩལ་ར་བའི་ནང་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཁཱ་ཅཱ་མཱེ་ཡིས་ལས་འགན་ཁུར་བའི་གཏམ་བཤད་ཁྲོད་དུ།  འདས་པའི་ལོ་ངོ་སུམ་ཅུའི་རིང་གི་འབད་བརྩོན་དེ་ནི་མགོ་བརྩམས་པ་ཙམ་ཡིན་ལ་གཙོ་བོ་མ་འོངས་པ་ཡིན།  ཁོས་ལས་འགན་གསར་པ་ཁུར་བའི་དུས་ཡུན་ནང་དཀའ་ཁག་ཆེ་བའི་བྱ་བ་མང་པོ་ནས་མགོ་བརྩམས་ཏེ། མི་དམངས་ཀྱིས་བདེ་འཇགས་དང་བདེ་ཐང་། ལ་རྒྱ་ཡོད་པའི་འཚོ་བ་རོལ་ཐུབ་པར་ཁག་ཐེག་བྱེད་རྒྱུ་ཆེས་གནད་འགག་གི་དམིགས་འབེན་ཡིན་ཞེས་བཤད།

ཀྲུང་གོ་དང་ཧྥེ་གླིང་སྤྱི་མཐུན་རྒྱལ་ཁབ། མཱོ་སང་པིས་ཁི། ཁུན་ནེ་ཡཱ། ཨེ་སེ་ཨིག་པིས་ཡཱ། ཨན་ཀི་ལཱ་སོགས་ཧྥེ་གླིང་གི་རྒྱལ་ཁབ་མང་པོའི་རྒྱལ་ཁབ་དབུ་གཙོ་དང་སྲིད་གཞུང་གི་གཙོ་འཛིན། རྒྱལ་སྤྱི་དང་ས་གནས་རྩ་འཛུགས་ཀྱི་མགོ་ཁྲིད་པ་མང་པོ། རྒྱལ་ཁབ་མང་པོའི་མཐོ་རིམ་སྲིད་གཞུང་གི་དཔོན་པོ་སོགས་ལས་འགན་ཁུར་བའི་མཛད་སྒོར་ཞུགས།

ཟླ7ཚེས15ཉིན་ཙུང་ཐུང་འདེམ་བསྐོ་སྤེལ་བ་དང་། ཁཱ་ཅཱ་མཱེ་ལ་འདེམས་ཤོག་ས་ཡ་བརྒྱད་འབུམ་བརྒྱད་ལྷག་ཐོབ་པ་སྟེ། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བཅོ་བརྒྱད་ཀྱིས་རྒྱལ་ཁའི་ངང་བསྟུད་འགན་ཁུར།

ད་ལོ་ལོ66ལ་བུད་པའི་ཁཱ་ཅཱ་མཱེ་ནི2000ལོའི་ཟླ4པར་སྤེལ་བའི་གྲོས་ཁང་དང་ནེ་ཀིའི་མཉམ་འབྲེལ་གྲོས་ཚོགས་སྟེང་ཙུང་ཐུང་ལ་བདམས་པའི་ཚུན་དུ། 2003ལོ་དང་། 2010ལོ། 2017ལོ་བཅས་ཀྱི་ཙུང་ཐུང་འདེམ་བསྐོའི་ཁྲོད་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་རྒྱལ་ཁ་བླངས་པ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།