ཚེས་བཅུ་གཅིག་ཉིན་དབྱི་ལིང་གི་ཙུང་ཐུང་ཕེ་ཙི་ཞི་ཆི་དབྱང་གིས་གྲོས་ཁང་ལ་ནེ་ཀི་གསར་པའི་ཁོངས་མིའི་མིང་ཐོ་སྤྲད།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་འཕྲིན་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིར་སྤྲད་པའི་ནེ་ཀིའི་ཁོངས་མིའི་མིང་ཐོའི་ཁྲོད་དུ་པུའུ་ཀྲང19ཡོད་པ་དང་། དེའི་ཁྲོད་སེ་དབྱི་ཏི་ཕྱི་འབྲེལ་པུའུ་ཀྲང་ལ་བསྐོ་འཇོག་བྱས་ཡོད་ཅིང་། ཨ་ཆིས་ཙི་རྒྱལ་སྲུང་པུའུ་ཀྲང་དང་ཨ་པུའུ་ཏུའུ་ལི་ན་སེ་ཨར་དཔལ་འབྱོར་ལས་དོན་དང་ནོར་སྲིད་པུའུ་ཀྲང་ལ་བསྐོ་འཇོག་བྱས་ཤིང་། མུའུ་ཧི་ཞིན་རྡོ་སྣུམ་པུའུ་ཀྲང་དང་ཧྥ་ཀྲ་ནཱ་སཱ་ཏིས་ཁི་གཞུང་ལམ་དང་གྲོང་ཁྱེར་འཕེལ་རྒྱས་པུའུ་ཀྲང་དུ་བསྐོ་འཇོག་བྱས་ཡོད།
ཁྱབ་བསྒྲགས་ལས་བཤད་རྒྱུར། ཚེས17ཉིན་དབྱི་ལིང་གྲོས་ཁང་གིས་ནེ་ཀི་གསར་བའི་ཁོངས་མིའི་མིང་ཐོར་དུས་ཡུན་ཉིན་བཞིའི་གྲོས་སྡུར་སྤེལ་རྗེས། པུའུ་ཀྲང་འདེམ་སྒུག་པར་ཡིད་རྟོན་འདེམས་ཤོག་འཕེན་རྒྱུ་རེད།
ད་ལོའི་ཟླ7པའི་ཚེས6ཉིན། དབྱི་ལིང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་དབྱི་སི་ལཱ་མཱིས་ཀྱིས་སྔོན་ཆད་ཀྱི་འཕྲོད་བསྟེན་པུའུ་ཀྲང་ཕེ་ཙི་ཞི་ཆི་དབྱང་ལ་དབྱི་ལིང་གི་སྐབས་བཅུ་བཞི་པའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་ཤིང་། ཟླ7ཚེས28ཉིན་དབྱི་ལིང་གི་ཆེས་མཐོའི་དབུ་གཙོ་ཧ་མཱེ་ནེ་ཡིས་ཕེ་ཙི་ཞི་ཆི་དབྱང་གིས་ཙུང་ཐུང་གི་འགན་ཁུར་བར་དངོས་སུ་ཆོག་མཆན་བཀོད་པ་དང་། ཟླ7ཚེས30ཉིན། ཕེ་ཙི་ཞི་ཆི་དབྱང་གིས་དབྱི་ལིང་གྲོས་ཁང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།