ཨ་ཧྥུའུ་ཧན་གྱི་རྒྱལ་སར་འབར་མདེལ་གྱི་འཇབ་རྒོལ་ཐེབས་ནས་མི1རྐྱེན་ལམ་དུ་ཤོར།
2024.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པུར་གྱི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་གྲོང་ཁྱེར་དེར་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་མི1རྐྱེན་ལམ་དུ་ཤོར་བ་དང་མི11ལ་རྨས་ཕོག་པ་བདེན་དཔང་བྱས།

ཚེས11ཉིན། ཁ་པུར་གྲོང་ཁྱེར་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཧ་ལི་ཏེ·ཀྲ་ཏེ་ལན་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་ལས་དམངས་སྤྱོད་རླངས་འཁོར་ཞིག་ལ་ཉིན་དེར་ཁ་པུར་དུ་སྡུད་གཤིས་འབར་མདེལ་གྱི་འཇབ་རྒོལ་ཕོག་པ་དང་། ཉེན་རྟོག་ཕྱོགས་མྱུར་དུ་ཡུལ་དངོས་སུ་ཐོན་པར་མ་ཟད་འབར་གས་ཀྱི་རྒྱུ་རྐྱེན་ལ་བརྟག་དཔྱད་ཀྱང་བྱས་ཟེར།

མིག་སྔར་རྩ་འཛུགས་དང་ཡང་ན་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་མིན་གསལ་བོར་མི་ཤེས།

ཉེ་ལམ།  ཨ་ཧྥུའུ་ཧན་གྱི་ས་གནས་སོ་སོ་རུ་འབར་གས་དོན་རྐྱེན་ཡང་ཡང་བྱུང་བཞིན་ཡོད་པ་དང་།  ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱིས་སློབ་གྲྭ་དང་། ཁ་ཆེ་བའི་དགོན་པ། སྤྱི་སྤྱོད་རླངས་འཁོར་བཅས་དམིགས་འབེན་ཡིན་པའི་འཇབ་རྒོལ་མང་པོ་བཟོས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།