ཝུ་ཀན་ཏའི་གད་སྙིགས་འཕོ་ས་ཞིག་བརྡིབས་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས18ལ་བུད།
2024.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 57

ཚེས10ཉིན།  ཝུ་ཀན་ཏའི་རྒྱལ་ས་ཁན་ཕ་ལ་ཁ་ཝུན་ཕེ་ཆུས་ཀྱི་གད་སྙིགས་འཕོ་ས་ཞིག་བརྡིབས་པའི་ལས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས18བར་མང་དུ་ཕྱིན་པ་དང་། ཚེས11ཉིན་ཝུ་ཀན་ཏའི་ཙུང་ཐུང་གིས་དམག་དཔུང་རོགས་སྐྱོབ་བྱ་བའི་ནང་ཞུགས་དགོས་པའི་བཀའ་ཕབ།

ཚེས11ཉིན།  ཝུ་ཀན་ཏའི་གནོད་འཚེ་ཉུང་གཏོང་དང་ཡུལ་གྱར་བ་ལས་དོན་པུའུ་ཡི་རྒྱལ་དོན་པུའུ་ཀྲང་ལིས་ལན·ཨ་པེའར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར་རྐྱེན་ལམ་དུ་ཤོར་བའི་མི18ཀྱི་བེམ་པོ་ཚང་མ་རྙེད་ཡོད་པ་དང་། ཨ་པེའར་གྱིས་འཚོལ་སྐྱོབ་བྱ་བ་སྔར་བཞིན་སྤེལ་བཞིན་ཡོད། གཞན་ཡང་ཡུག་རེན་སྲིད་གཞུང་གིས་སྟེས་དབང་གིས་སྲོག་ཉེན་ལས་ཐར་བའི་མིར་བཟའ་བཅའ་དང་གནས་སྐབས་ཉེན་གཡོལ་བྱ་ཡུལ་མཁོ་འདོན་བྱས་པ་དང་། ཁོ་ཚོ་བདེ་འཇགས་ཀྱི་གནས་སུ་སྤོར་རྒྱུའི་ཚོད་ལྟ་བྱེད་བཞིན་ཡོད་ཟེར།

ཚེས11ཉིན་གྱི་ཕྱི་དྲོ།  ཝུ་ཀན་ཏའི་ཙུང་ཐུང་ཡོ་ཝུའེ་ལིས·མུའུ་སའེ་ཝུའེ་ཉི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུས་ཤིང་། ཝུ་ཀན་ཏའི་རྒྱལ་སྲུང་དམིགས་བསལ་དཔུང་སྡེར་རོགས་སྐྱོབ་བྱ་བར་གཞོགས་འདེགས་བྱ་རྒྱུའི་བཀའ་ཕབ་པ་མ་ཟད། ཙུང་ལིར་ཉེན་ཁ་ཆེ་བའི་ས་ཁོངས་ཀྱི་ཁྱིམ་ཚང་ཚང་མ་མཐུན་སྦྱོར་ངང་གནས་སྤོ་བྱ་རྒྱུའི་མཛུབ་སྟོན་བྱས་པ་དང་ཆབས་ཅིག   བརྡིབས་པའི་ལས་འཛོལ་ལ་བརྟག་དཔྱད་བྱེད་དགོས་པའི་བཀའ་ཡང་བཏང་།

ལས་འཛོལ་བྱུང་བའི་ཅི་ཏི་ཅི་གད་སྙིགས་འཕོ་ས་དེ་ནི1996ལོར་བསྐྲུན་པ་དང་། ཁན་ཕ་ལ་གྲོང་ཁྱེར་གྱི་ཆུས་ལྔ་ཡི་གད་སྙིགས་སྤུང་གསོག་ཐག་གཅོད་བྱེད་ཡུལ་ཞིག་རེད། ཚེས10ཉིན། གད་སྙིགས་འཕོ་ཡུལ་དེར་དྲག་ཆར་བབས་རྗེས་བརྡིབས་ནས་ཉེ་འགྲམ་གྱི་མང་ཚོགས་ཀྱི་ཁང་པ་ས་འོག་ཏུ་ཤོར་བ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།