ཚེས12ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་གྱི་འབྲེལ་ཡོད་དམག་དོན་འགུལ་སྐྱོད་ཀྱིས་ཅ་ཧྲ་ས་ཁུལ་གྱི་མང་ཚོགས་མང་པོ་ཤི་རྨས་བཟོས་པར་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་མ་ཟད། དབྱི་སི་རལ་གྱིས་མྱུར་དུ་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་དྲག་ཏུ་བཏོན་པ་ཡིན་ཟེར།
ཚེས10ཉིན་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ཅ་ཧྲ་ས་ཁུལ་གྱི་སློབ་གྲྭ་ཞིག་འགས་གཏོར་བཏང་སྟེ་མི100ལྷག་རྐྱེན་ལམ་དུ་བཏང་བ་དང་། མི་བཅུ་ཕྲག་འགའ་རྨས་སོང་ཟེར།
ལིན་ཅན་གྱིས་བཤད་རྒྱུར།“ང་ཚོས་མང་ཚོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་ཚད་ལ་རྒོལ་གཏམ་གཏོང་བ་དང་། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་དང་འགལ་བའི་བྱེད་སྟངས་ཡོད་ཚད་ལ་ངོ་རྒོལ་བྱེད་ཀྱིན་ཡོད། དབྱི་སི་རལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྐུལ་ལ་ནན་ཏན་སྒོས་ཉན་ནས་མྱུར་དུ་དམག་འཁྲུག་མཚམས་བཞག་སྟེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་སྲུང་སྐྱོབ་བྱས་ནས་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་མི་འགྲོ་བའི་རེ་འབོད་དྲག་པོ་བཏོན་པ་ཡིན”ཟེར།
ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅ་ཧྲའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཇེ་ཉུང་དུ་གཏོང་བ་དང་མཇུག་བསྒྲིལ་ཆེད་མཉམ་དུ་འབད་བརྩོན་ཆེན་པོ་བྱེད་དགོས་ཟེར།
ཤ་བོ་རིན་མཚོས་བསྒྱུར།