ཟླ8པའི་ཚེས11ཉིན་ནས12ཉིན་བར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་གདན་ཞུ་ལྟར་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་རུ་ཝང་ཏིའི་རྒྱལ་ས་ཅིས་ཅཱ་ལི་རུ་ཙུང་ཐུང་ཁཱ་ཅཱ་མེ་ཡི་ལས་འགན་ཁུར་བའི་མཛད་སྒོར་ཞུགས་པར་མ་ཟད། ཙུང་ཐུང་ཁཱ་ཅཱ་མེ་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་། རུ་ཝང་ཏིའི་རྒྱལ་གཅེས་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཅཱ་ས་མ་ཀི་ལ་དང་ཐུག་འཕྲད་བྱས་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གཞིགས་ནས་བསམ་ཚུལ་བརྗེ་རེས་བྱས་ཤིང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ། མུ་མཐུད་དུ་ཏང་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་གླེང་མོལ་ལ་ཤུགས་སྣོན་པ། འཐབ་ཇུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་གྲོས་གཞི་དང་། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་ཚུལ་བསྟན།
ཤ་བོ་རིན་མཚོས་བསྒྱུར།