སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཧྲིན་དབྱི་ཆིན་ལ་ཐུག་འཕྲད་བྱས།
2024.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ8པའི་ཚེས12ཉིན་ནས་ཚེས14ཉིན་བར། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་སེར་ཝེ་ཡ་རུ་འཚམས་འདྲི་བྱས་པ་དང་། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་ཐུག་འཕྲད་བྱས་པར་མ་ཟད། ཙུང་ལི་ཝུའུ་ཆེ་ཝིས་ཆི་དང་གྲོལ་མོལ་བྱས།

ཝུའུ་ཆི་ཆི་ཡིས་ཧྲིན་དབྱི་ཆིན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5པར་སེར་ཝེ་ཡ་རུ་བདེ་ལེགས་ངང་འཚམས་འདྲི་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ངེས་གནས་ཇེ་མཐོར་བཏང་བ་མཚོན་ཡོད། སེར་ཝེ་ཡ་ཕྱོགས་ཀྱིས་རྣོ་ལྕགས་ལྟ་བུའི་མཛའ་བརྩེ་གཅེས་འཛིན་བྱས་ཏེ། ཀྲུང་གོ་ཕྱོགས་དང་ལུས་རྩལ་མཉམ་ལས་འདུ་བའི་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ལག་རྡང་མཉམ་སྦྲེལ་དང་ཐུན་མོང་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་འཐད་པ་ཡིན། ཝུའུ་ཆི་ཆིས་བཤར་རྒྱུར། སེར་ཝེ་ཡ་སྲིད་གཞུང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་ཧུར་ཐག་གིས་དངོས་འབེབས་བྱེད་རྒྱུར་འཐད་པ་ཡིན་ཞིང་། སེར་ཝེ་ཡས2027ལོའི་ཆེད་ལས་རིགས་ཀྱི་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་འདུ་གཙོ་སྒྲུབ་བྱེད་པ་གོ་སྐབས་སུ་བརྩི་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། དུས་རབས་གསར་པའི་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཟེར།

ཧྲིན་དབྱི་ཆིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཝུའུ་ཆི་ཆི་ལ་བརྩེ་བའི་འཚམས་འདྲི་དང་ཙུང་ལི་ལིས་ཆང་གིས་ཙུང་ལི་ཝུའུ་ཆེ་ཝིས་ཆིས་འཚམས་འདྲི་མཛད་པ་བརྒྱུད་སྒྲོག་བྱས། ཁོས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེད་ཚད་མེད་བྱེད་ཀྱིས་ཡོད་ལ། སེར་ཝེ་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་དངོས་འབེབས་བཟང་པོ་བྱེད་པ་དང་། དུས་རབས་གསར་པའི་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ལུས་རྩལ། ཡུལ་སྐོར། བུད་མེད་ཀྱི་ལས་དོན་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྣོ་ལྕགས་ལྟ་བུའི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།