ཕ་ཁི་སིན་ཐན་གྱིས་རང་བཙན་ཉིན་མོར་རྟེན་འབྲེལ་ཞུས།
2024.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚེས14ཉིན། ཕ་ཁི་སི་ཐན་གྱིས་གཟབ་རྒྱས་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་དེའི་རང་བཙན་ཉིན་མོ་ཐེངས78པར་རྟེན་འབྲེལ་ཞུས།

རྒྱལ་ས་དབྱི་སི་ལན་པའོ་རུ་ཡོད་པའི་ཕ་ཁི་སི་ཐན་རྗེས་དྲན་རྡོ་རིང་གི་མདུན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་བསྡུས་པ་དང་། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་ཡིས་རྒྱལ་ཡོངས་ལ་གཏམ་བཤད་སྤེལ། ཁོས་ལས་རིགས་སོ་སོའི་ཕ་ཁི་སི་ཐན་གྱི་མི་དམངས་ལ་བཀའ་དྲིན་ཞུས་པ་དང་། འཇིགས་སྐུལ་ངོ་རྒོལ་འཐབ་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བའི་བདེ་འཇགས་པུའུ་ཡི་མི་སྣར་གུས་འདུད་ཞུས། ཁོས་སྲིད་གཞུང་དངུལ་ལོར་ཆུ་ཚད་ཇེ་དམའ་དང་དཔལ་འབྱོར་བསྐྱར་གསོ་བྱེད་པར་འབད་པ་བྱས་ཏེ། རྒྱལ་དམངས་ལས་ལ་བརྩོན་པ་དང་། རྣམ་དག་དང་སྤྲོ་སྐྱིད་ལྡན་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་དར་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུའི་འབོད་སྐུལ་བཏང་།

ཕ་ཁི་སི་ཐན་གྱི་ཨོ་ལིམ་ཕིག་ལུས་རྩལ་པ་ཨེ་ཨར་ཧྲ་ཏི་ནཱ་ཏིས་མུའུ་གདན་ཞུ་ལྟར་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས། ཕ་ཁི་སི་ཐན་གྱི་ད་ལོའི་རང་བཙན་ཉིན་མོའི་སྔོན་དུ། ནཱ་ཏིས་མུའུ་ཡིས་སྨིས92.97གྱི་གྲུབ་འབྲས་ཀྱིས་ལོ16རིང་བརྒལ་མ་ཐུབ་པའི་ཨོ་ལམ་ཕིག་གི་ཟིན་ཐོ་བསྐྲུན་ནས་ཕ་རེ་སིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་མདུང་འཕེན་འགྲན་སྡུར་ལས་གསེར་གྱི་རྟགས་མ་བླངས། དེ་ནི་ཕ་ཁི་སི་ཐན་གྱིས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྟེང་མི་སྒེར་གྱི་རྣམ་གྲངས་ལས་གཏེར་གྱི་རྟགས་མ་ལེན་ཐེངས་ཐོག་མ་རེད། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འདིས་ད་ལོའི་རང་བཙན་ཉིན་མོའི་རྟེན་འབྲེལ་མཛད་སྒོར་སྤྲོ་སྣང་བསྣན་པ་རེད།

ཕ་ཁི་སི་ཐན་ནི་སྔོན་ཆད་དབྱིན་ཇིར་གཏོགས་པའི་ཧིན་རྡུའི་གྲུབ་ཆ་ཞིག་རེད། 1947ལོའི་ཟླ6པར། དབྱིན་ཇིས་མིན་པཱ་ཏུན་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། ཧིན་རྡུ་དང་ཕ་ཁི་སི་ཐན་སོ་སོར་བཅོས་སྐྱོང་བྱེད་པ་ལག་བསྟར་བྱས། ལོ་དེའི་ཟླ8པའི་ཚེས14ཉིན། ཕ་ཁི་སི་ཐན་གྱིས་རང་བཙན་བྱས་པ་ཁྱབ་བསྒྲགས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།