ཅི་ལི་པ་སིས་སྐབས་གསར་པའི་གྲོས་ཁང་གི་འདེམས་བསྐོ་བྱས།
2024.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཚེས14ཉིན།  ཅི་ལི་པ་སིས་སྐབས་གསར་པའི་གྲོས་ཁང་འདེམས་བསྐོའི་རེས་སྐོར་དང་པོའི་འདེམས་ཤོག་འཕངས་པ་དང་། འོས་མི114ཡིས་འདེམས་བསྐོ་བྱས་ནས་ཐོན་པའི་གྲོས་ཁང་གི་གདན་ཐོབ་པ44འགྲན་རྩོད་བྱས་པ་རེད།

འདེམས་ཤོག་དེ་ས་གནས་དེའི་ཚེས14ཉིན་གྱི་དུས་ཚོད7གྱི་སྟེང་མགོ་བརྩམས་ཏེ་དུས་ཚོད18སྟེང་མཇུག་བསྒྲིལ་རྒྱུ་རེད། ཅི་ལི་པ་སིའི་འདེམས་བསྐོའི་གཏན་འབེབས་ལྟར་ན།  འོས་མིར་རེས་སྐོར་དང་པོའི་འདེམས་ཤོག་འཕེན་སྐབས་འདེམས་ཤོག50%ལས་བརྒལ་ཚེ་ཐད་ཀར་བདམས་ཐོན་བྱུང་བ་དང་། རེས་སྐོར་དང་པོའི་འདེམས་ཤོག་འཕེན་སྐབས་ཐག་གཅོད་བྱེད་མ་ཐུབ་པའི་གདན་ཐོབ་པ་ལ་རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་དགོས།  རེས་སྐོར་གཉིས་པའི་འདེམས་ཤོག་དེ་ཟླ8པའི་ཚེས19འཕེན་རྒྱུ་རེད།

སྐབས་གསར་པའི་གྲོས་ཁང་བདམས་ཐོན་བྱུང་རྗེས་གྲོས་མིའི་ཁྲོད་ཙུང་ཐུང་གི་འོས་མི4ལས་མི་བརྒལ་བ་མིང་འདོན་བྱེད་རྒྱུ་རེད། ཙུང་ཐུང་ཅི་ལི་པ་སི་ནི་རྒྱལ་ཁབ་ཀྱི་གཙོ་བདག་ཡིན་ལ་སྲིད་གཞུང་གི་མགོ་གཙོ་ཡང་ཡིན། རྒྱལ་ཡོངས་ཀྱིས་འདེམས་བསྐོ་བྱས་པ་བརྒྱུད་བདམས་ཐོན་བྱུང་བ་རེད།

ཅི་ལི་པ་སིའི་རིག་གནས་དང་ནང་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་འོས་མིའི་མིང་ཐོ་ལྟར་ན། ཅི་ལི་པ་སིའི་ཙུང་ཐུང་ཐ་ནེ་ཞི·མ་མའོ་ཐེངས་འདིའི་སྐབས་གསར་པའི་གྲོས་ཁང་གི་འདེམ་བསྐོའི་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

ཅི་ལི་པ་སིའི་གྲོས་ཁང་གིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱས་ཡོད་པ་དང་ཁྱོན་བསྡོམས་གྲོས་ཁང45ཡོད། གྲོས་མི་གཅིག་དམིགས་འཛུགས་གྱིས་བདམས་ཐོན་བྱུང་བ་ལས་གཞན་ཚང་མ་འདེམས་བསྐོ་བྱས་ནས་བདམས་ཐོན་བྱུང་བ་རེད།

ཅི་ལི་པ་སི་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་དཀྱིལ་དབུས་སུ་ཆགས་ཤིང་།  གླིང་ཕྲན་ཆེ་ཆུང33གྱིས་གྲུབ། ཅི་ལི་པ་སིའི་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ811དང་མི་གྲངས་འབུམ་གཅིག་དང་ཁྲི་གཉིས་ཙམ་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།