ཚེས15ཉིན། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མཱིས་ཨར་ཅིས་ཡུའེ་ཡེ་ཧྥུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཁ་པར་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་སྡུར་བྱས།
ཚེས15ཉིན་ཝུའུ་ཙི་པེ་པི་སི་ཐན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་གནས་ཚུལ་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཉིན་དེར་ཕན་ཚུན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་མང་བོའི་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དང་མནའ་འབྲེལ་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ད་ལོའི་ཟླ5ཚེས26ཉིན་ནས་ཚེས28ཉིན་བར་ཕུའུ་ཅིན་གྱིས་ཝུའུ་ཙི་པེ་ཁི་སི་ཐན་ལ་འཚམས་འདྲི་བྱེད་སྐབས་མོས་མཐུན་བྱུང་བའི་གྲོས་གཞི་དངོས་འབེབས་བྱ་བའི་གནས་ཚུལ་དང་། ལྷག་པར་དུ་ཕྱོགས་གཉིས་ཀྱི་ཉོ་འཚོང་མ་དངུལ་ཇེ་མཐོར་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་ས་ཁུལ་བར་གྱི་མཉམ་ལས་འབྲེལ་བ་འཕེལ་རྒྱས་གཏོང་བ། ཐུན་མོང་དངུལ་གཏོང་དང་མི་ཆོས་རིང་ལུགས་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་གྲོས་སྡུར་བྱས།
གཞན་ཡང་ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱི་གནས་ཚུལ་ལྟར་ན། ཚེས15ཉིན་ཕུའུ་ཅིན་གྱིས་མཱིས་ཨར་ཅིས་ཡུའེ་ཡེ་ཧྥུའུ་དང་དུས་བཅད་ལྟར་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མནའ་འབྲེལ་གྲོགས་པོའི་འབྲེལ་བ་དང་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྔར་ལས་ཤུགས་སྣོན་བྱ་རྒྱུ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།