དབྱི་སི་རལ་སྤྱི་ཐུན་རྒྱང་སྒྲོག་ཀུང་ཟིས་ཚེས16ཉིན་གྱི་དགོང་མོར་མཐོ་རིམ་བདེ་འཇགས་དཔོན་པོ་ཞིག་གི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་ཧ་ལམ་མཇུག་རྫོགས་ན་ཡང་། གསང་འཕྲིན་གསར་བ་ཐོབ་རྗེས་དབྱི་སི་རལ་དམག་དཔུང་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་དུ་སོང་ཆོག་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་འགའི་སྔོན་ལ་བསྡུས་པའི་བདེ་འཇགས་གནས་བབ་དཔྱད་འཇོག་གྲོས་ཚོགས་སྟེང་། དབྱི་སི་རལ་དམག་དཔུང་གི་མཐོ་རིམ་དཔོན་པོས་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱི་ལཱ་ཧྥ་སྟོང་ཤོག་གཏོར་ནས་དོན་དངོས་ཐོག་མེད་པར་བཟོས་ཟེར། དབྱི་སི་རལ་དམག་དཔུང་གི་མཐོ་རིམ་དཔོན་པོས་སྲིད་གཞུང་གི་ཇུས་འདོན་ཕྱོགས་ལ། ད་ལྟ་ནི་བཀག་བཟུང་བྱས་པའི་མི་སྣ་བརྗེ་རན་ལ་ཐོན་པ་དང་། དེའི་རྒྱུ་མཚན་ནི་ཧྭ་མ་སིའི་འཐབ་འཁྲུག་དམག་དཔུང་མང་ཆེ་ཤས་གཏོར་ཟིན་པའི་རྐྱེན་ཡིན་ཟེར།
དེ་ལས་གཞན། སྤྱི་ཐུན་རྒྱང་སྒྲོག་ཀུང་ཟིས་ཚེས16ཉིན་གྱི་དགོང་མོར་མཐོ་རིམ་དཔོན་པོ་ཞིག་གི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། ཁ་ཐར་གྱི་རྒྱལ་ས་ཏའོ་ཧྭ་རུབ་སྡུས་པའི་སྐོར་ཐེངས་གསར་བའི་ཅཱ་ཧྲའི་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཁྲོད། ཕྱོགས་སོ་སོས་གྲོས་མཐུན་གྱི་འགྲན་རྩོད་ལྡན་པའི་གནད་དོན་ཐད་ནས་གྲུབ་འབྲས་བླངས་ཟེར།
སྐོར་ཐེངས་གསར་བའི་ཅཱ་ཧྲའི་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཚེས15ཉིན་ཏའོ་ཧྭ་ནས་བསྡུས་པ་དང་། གྲོས་ཚོགས་ལ་ཞུགས་པའི་ཁྲོད་དུ་དབྱི་སི་རལ་དང་ཁ་ཐར། ཨ་མེ་རུ་ཁ་དང་ཨེ་ཅིབ་བཅས་ཀྱི་དཔོན་པོ་ཡོད་ལ། ཧྭ་མ་སི་ཕྱོགས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས་མེད་ན་ཡང་། བར་འདུམ་ཕྱོགས་ཀྱི་སྐད་གཏོང་བ་བརྒྱུད་དེ་གྲོས་མོལ་ལ་ཞུགས། ཁ་ཐར་དང་ཨ་མེ་རུ་ཁ། ཨེ་ཅིབ་བཅས་རྒྱལ་ཁབ་གསུམ་གྱིས་ཚེས16ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སྐོར་ཐེངས་གསར་བའི་ཅཱ་ཧྲའི་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པ་དང་། སྣང་ཚུལ་ཧ་ཅང་བཟང་། རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གི་མཐོ་རིམ་དཔོན་པོས་གཟའ་འཁོར་རྗེས་མའི་གཟའ་མཇུག་སྔོན་དུ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་གྲོས་མོལ་བསྡུ་རྒྱུ་ཡིན་པ་དང་། དེའི་དམིགས་འབེན་ནི་གྲོས་མཐུན་གཏན་ཁེལ་བྱེད་རྒྱུ་དེ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།
以色列高级安全官员称以军在加沙地带的作战“基本结束”
新华社耶路撒冷8月16日电(记者王卓伦)以色列公共广播公司16日晚援引以高级安全官员的话报道说,以军在加沙地带的作战已基本结束,但以军在“获取新情报”后可重新进入加沙地带。
报道说,在过去几天举行的安全局势评估会议上,以军方高层认为巴勒斯坦伊斯兰抵抗运动(哈马斯)的拉法旅已被击溃,实际上已“不复存在”。以军方高层对政府决策层表示,现在“是时候”开始互换在押人员了,因为哈马斯的大多数战斗部队已被瓦解。
此外,以公共广播公司16日晚间援引一名以高级官员的话报道说,在卡塔尔首都多哈举行的新一轮加沙停火谈判中,各方在协议的几个争议问题上“确实取得了进展”。
新一轮加沙停火谈判15日开始在多哈举行,与会者包括以色列、卡塔尔、美国和埃及官员,哈马斯方面未派出代表参会,但经由斡旋方“传话”间接参与谈判。卡塔尔、美国和埃及三国16日发表联合声明说,新一轮加沙停火谈判具有“建设性”,气氛积极。三国政府高级官员下周末之前将在埃及首都开罗举行会谈,目标是最终敲定协议。