ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངགས་ཕོ་ཉ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་ཅིན་ཀྲོང་ལུང་ཏོ་སྨི་ནི་ཀའི་ཙུང་ཐུང་གི་འགན་ཁུར་བའི་མཛད་སྒོར་ཞུགས།
2024.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 62

2024ལོའི་ཟླ8པའི་ཚེས16ཉིན། ཏོ་སྨོ་ནི་ཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པིས་ན་ཏི་ཨེར་གྱིས་གདན་འདྲེན་ཞུས་པ་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངགས་ཕོ་ཉ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་ཅིན་ཀྲོང་ལུང་ཏོ་སྨི་ནི་ཀའི་རྒྱལ་ས་ཧྲིན་ཏའོ་མེན་ཀི་རུ་ཏོ་སྨི་ནི་ཀའི་ཙུང་ཐུང་ཨ་པིས་ན་ཏི་ཨེར་གྱི་འགན་ཁུར་བའི་མཛད་སྒོར་ཞུགས། ཚེས15ཉིན། ཨ་པིས་ན་ཏི་ཨེར་གྱིས་ཙུང་ཐུང་བཞུགས་ཤག་ཏུ་ཅིན་ཀྲོང་ལུང་ལ་ཐུག་འཕྲད་བྱས།

ཅིན་ཀྲོང་ལུང་གིས་ཨ་པིས་ན་ཏི་ཨེར་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་དང་སྨོན་འདུན་བརྒྱུད་སྤྲོད་བྱས་པ་དང་། ཁོས་ཏོ་སྨི་ནི་ཀའི་ཙུང་ཐུང་གི་འགན་བསྟུད་མར་ཁུར་བར་སྨོན་འདུན་ཞུས། ཅིན་ཀྲོང་ལུང་གིས་བསྟན་དོན། ཀྲུང་གོ་དང་ཏོ་སྨི་ནི་ཀ་བར་འབྲེལ་བ་བཙུགས་པའི་ལོ་དྲུག་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་མྱུར་དུ་གོང་འཕེལ་དུ་སོང་། ཀྲུང་གོས་ཏོ་སྨི་ནི་ཀ་དང་མཉམ་དུ་འབད་འཐབ་བྱས་ནས། མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཏོ་སྨི་ནི་ཀའི་འབྲེལ་བའི་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་ཆེན་པོ་འདོགས་དགོས། ཅིན་ཀྲོང་ལུང་གིས་ད་དུང་ཨ་པིས་ན་ཏི་ཨེར་ལ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ངོ་སྤྲོད་བྱས།

ཨ་པིས་ན་ཏི་ཨེར་གྱིས་ཅིན་ཀྲོང་ལུང་གིས་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕུལ་བའི་ལྷད་མེད་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་སྤྲོད་བྱེད་རྒྱུའི་རེ་ཞུ་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངགས་ཕོ་ཉ་ཁོའི་ཙུང་ཐུང་གི་འགན་ཁུར་བའི་མཛད་སྒོར་ཞུགས་པར་བཀའ་དྲིན་ཞུས། ཨ་ཕིས་ན་ཏི་ཨེར་གྱིས་བསྟན་དོན། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཏོ་སྨོ་ནི་ཀར་མཚོན་ན་དམིགས་བསལ་གྱི་དོན་དག་གལ་ཆེན་ཡིན་པ་དང་། ཀྲུང་གོའི་ཁྱབ་ཁོངས་སོ་སོའི་བར་གྱི་གཉིས་ཕན་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

རིན་ཆེན་མཚོས་བསྒྱུར།