ཝུའུ་ཁི་ལན་གྱི་གཞུང་ཕྱོགས་ནས་ཚེས18ཉིན་བསྒྲགས་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེའི་སྔ་མོར་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ལ་ཟླ་འདིའི་འཕུར་མདེལ་འཇབ་རྒོལ་ཐེངས་གསུམ་པ་བྱས་ཟེར།
ཅི་ཧྥུའུ་གྲོང་ཁྱེར་གྱི་དམག་དོན་དོ་དམ་ཅུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ས་གནས་དེ་གའི་དུས་ཚོད་ཚེས་བཅོ་བརྒྱད་ཉིན་གྱི་ཆུ་ཚོད་ལྔའི་སྟེང་། ཨུ་རུ་སིས་ཅི་ཧྥུའུ་ལ་མདེལ་ལམ་འཕུར་མདེལ་འཕངས་པ་དང་། འཕུལ་མདེལ་དེ་ཅི་ཧྥུའུ་གྲོང་ཁྱེར་གྱི་ཉེ་འཁོར་ནས་བཀག་འགོག་བྱས། ཆུ་ཚོད་གཉིས་འགོར་རྗེས། ཨུ་རུ་སིའི་ལྷོ་ཕྱོགས་ནས་ཅི་ཧྥུའུ་ལ་སྐོར་ཞིབ་འཕུར་མདེལ་འཕངས་པ་དང་། དེ་ཡང་མཁའ་སྲུང་སྡེ་ཁག་གིས་བཀག་འགོག་བྱས།
ཅི་ཧྥུའུ་གྲོང་ཁྱེར་གྱི་དམག་དོན་དོ་དམ་ཅུའུ་ཡིས་བཤད་རྒྱུར། མིག་སྔར་འཇབ་རྒོལ་བྱས་ནས་མི་སྣར་ཤི་རྨས་ཐེབས་པ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་སྐོར་གྱི་སྙན་ཞུ་མེད་ཟེར།
ལྷ་མོ་འཚོས་བསྒྱུར།