ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ཧྥེ་ལི་ཕིན་གྱི་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་ཁྲིམས་འགལ་ངང་རིན་ཨའེ་མཚོ་བྲག་ལ་འཛུལ་བའི་སྐོར་ནས་གཏམ་བཤད་སྤེལ།
2024.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀན་ཡུས་ཀྱིས་བསྟན་དོན། ཟླ8ཚེས19ཉིན་གྱི་དུས་ཚོད6པ་ཙམ་ལ་ཧྥེ་ལི་ཕིན་གྱི་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་ཨང4410ཁྲིམས་འགལ་ངང་ཀྲུང་གོའི་ནན་ཧྲ་གླིང་ཚོམ་ཞན་པིན་མཚོ་བྲག་ཉེ་འགྲམ་མཚོ་ཁོངས་སུ་འཛུལ་སྐབས་བཀག་འགོག་ཐེབས་རྗེས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཚིག་ཡང་ཡང་བསྒྲགས་པ་དང་མཁའ་ལམ་དོ་དམ་ལ་མ་འཛེམས་པར་སླར་ཡང་ཁྲིམས་འགལ་ངང་ཀྲུང་གོའི་ནན་ཧྲ་གླིང་ཚོམ་གྱི་རིན་ཨའེ་མཚོ་བྲག་ཉེ་འགྲམ་གྱི་མཚོ་ཁོངས་སུ་འཛུལ་བ་རེད། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཧྥེ་ལི་ཕིན་གྱི་ཆག་སྒོ་སློང་བའི་གྲུ་གཟིངས་ལ་ཁྲིམས་དང་གཏན་འབེབས་གཞིར་བཟུང་ནས་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་སྤྱད་ཡོད།  ཧྥེ་ལི་ཕིན་ཕྱོགས་ཀྱིས་ཡང་དང་བསྐྱར་དུ་རྩོད་གཞི་བསླངས་ནས་རིན་ཨའེ་མཚོ་བྲག་ཏུ་ཁྲིམས་འགལ་གྱིས“གྲམ་ཐང་དུ་བསྡད་པའི”གྲུ་གཟིངས་ཀྱི་འཚོ་བའི་དངོས་ཟོག་མཁོ་སྤྲོད་སྐོར་གྱི་ཀྲུང་ཧྥེ་ཕྱོགས་གཉིས་ཀྱི་གནས་སྐབས་བཀོད་སྒྲིག་ལས་འགལ་ནས།  ཀྲུང་གོའི་བདག་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད། ང་ཚོས་ཧྥེ་ལི་ཕིན་ཕྱོགས་ལ་དབང་གནོད་དང་འཁྲུག་རྐྱེན་སློང་མཚམས་མྱུར་དུ་འཇོག་དགོས་པའི་སྐུལ་མ་བཏང་བ་ཡིན།  དེ་ལྟར་མ་བྱས་ཚེ་དེ་ལས་ཐོན་པའི་མཇུག་འབྲས་མཐའ་དག་ལ་ཧྥེ་ལི་ཕིན་ཕྱོགས་ཀྱིས་འགན་འཁུར་དགོས་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།