ཨ་སེ་པེད་ཅང་གི་ཕྱི་འབྲེལ་པུའུ་ཡིས་ཚེས20ཉིན་བཤད་རྒྱུར། རྒྱལ་ཁབ་དེས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པར་དངོས་སུ་རེ་ཞུ་བྱས་ཡོད་ཟེར།
ཨ་སེ་པེད་ཅང་གི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨ་སེ་པེད་ཅང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཅི་ཀྲ་ཏི་ཡིས་ཉིན་དེར་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད།
ད་ལོའི་ཟླ7པར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་བ་ཧཱ་སག་སི་ཐན་གྱི་ཨ་སི་ཐཱ་ནཱ་ནས་བསྡུས། མཐོ་རིམ་གྲོས་ཚོགས་སྐབས་སུ། ཨ་སེ་པེད་ཅང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ནང་ཞུགས་འདོད་ཡོད་པའི་བསམ་ཚུལ་བསྟན་མྱོང་།
2006ལོར། པཱ་ཞི་དང་ཨུ་རུ་སི། རྒྱ་གར། ཀྲུང་གོ་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་གྲོས་མོལ་ཐོག་མ་སྤེལ་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་དངོས་སུ་མགོ་བརྩམས། དངུལ་ལོར་ཉམས་ཉེན་ཐག་གཅོད་བྱེད་ཆེད། རྒྱལ་ཁབ་བཞིའི་མགོ་ཁྲིད་པས་2009ལོའི་ཟླ6པར་ཨུ་རུ་སི་ནས་གྲོས་མོལ་ཐོག་མ་བསྡུས་ཏེ། གསེར་གྱོམ་རྒྱལ་ཁབ་བར་གྱི་མཉམ་ལས་རྐྱེན་སྲོལ་དངོས་སུ་མགོ་བརྩམས། 2010ལོའི་ཟླ12པར། རྒྱལ་ཁབ་བཞི་ཡིས་གྲོས་མོལ་གཅིག་མཐུན་བྱུང་བའི་རྨང་གཞིའི་སྟེང་ཨ་ཧྥེ་རི་ཁ་ལྷོ་མ་དངོས་སུ་རྐྱེན་སྲོལ་དེའི་ནང་བསྡུ་ལེན་བྱས། 2023ལོའི་ཟླ8པའི་ཚེས24ཉིན། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བའི་དམིགས་བསལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། སོ་ཏི་ཨ་རབ་དང་ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨ་ཀིན་ཐེན། དབྱི་ལིང་། ཨེ་ཙེ་ཨོ་ཕུ་ཡཱ་བཅས་དངོས་སུ་གསེར་གྱོམ་གྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་དངོས་སུ་གདན་ཞུ་བྱས་པ་དང་། ཁོངས་གཏོགས་རྒྱལ་ཁབ་དེ་དག་གི་ཐོབ་ཐང་ནི2024ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ནུས་ལྡན་དུ་གྱུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།