དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས21ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གྲོས་ཁང་གིས་ཉིན་དེར་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་མིང་བཏོན་པའི་ནེ་ཀིའི་ཁོངས་མི་གསར་བའི་མིང་ཐོར་གྲོས་མཐུན་བཀོད་ཟེར།
བསྒྲགས་པ་ལྟར་ན། དབྱི་ལིང་གྲོས་ཁང་གི་གྲོས་མི288ཀྱིས་ཉིན་དེར་ནེ་ཀིའི་མིང་ཐོའི་ཁྲོད་ཀྱི་པུའུ་ཀྲང19ཡི་འདེམ་སྒུག་མི་སྣར་ཡིད་ཆེས་འདེམ་ཤོག་འཕངས་པ་དང་། མིང་འདོན་འདེམ་སྒུག་མི་སྣ་ཚང་མར་ཡིད་འཐད་བྱུང་བ་རེད།
སྐབས་གསར་བའི་ནེ་ཀིའི་ཁྲོད། སེ་དབྱེ་ཏི་ཨ་པཱ་སི་ཨ་ལཱ་ཀི་ཞི་ཡིས་ཕྱི་འབྲེལ་པུའུ་ཀྲང་དང་། ཨ་ཆི་ཙི་ནཱ་ཞི་ཨར་ཀྲ་ཏི་ཡིས་རྒྱལ་སྲུང་པུའུ་ཀྲང་། ཨ་པུའུ་ཏུའུ་ལེ་ནཱ་སེ་ཨར་ཧི་མཱ་ཐིས་ཀྱིས་དཔལ་འབྱོར་ལས་དོན་དང་ནོར་སྲིད་པུའུ་ཀྲང་། མུའུ་ཧི་ཞིན་ཕཱ་ཁི་ནེ་ཅཱ་ཏི་ཡིས་རྡོ་སྣུམ་པུའུ་ཀྲང་། ཧྥ་ཀྲ་ནཱ་སཱ་ཏིས་ཁི་ཡིས་གཞུང་ལམ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་པུའུ་ཀྲང་བཅས་ཀྱི་འགན་ཁུར་རྒྱུ་རེད།
ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས11ཉིན་གྲོས་ཁང་ལ་ནེ་ཀི་གསར་བའི་ཁོངས་མིའི་མིང་ཐོ་སྤྲད་པ་རེད། དབྱི་ལིང་གྲོས་ཁང་གིས་ཚེས17ཉིན་ནས་བཟུང་པུའུ་ཀྲང་གི་འདེམ་སྒུག་མི་སྣར་གྲོས་བསྡུར་བྱས་པ་དང་། དེའི་རྗེས་སུ་ཡིད་ཆེས་ཀྱི་འདེམ་ཤོག་འཕངས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།