ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་བཞིར་རྨས་ཕོག
2024.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་ནས་ཚེས22ཉིན་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག་ཟེར།

ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཀྲ་པུའུ་ལེ་ཡིས་གསར་འགོད་པར་བཤད་རྒྱུར། ནོའུ་ལི་སི་ཐན་ཞིང་ཆེན་ནས་ལམ་དུ་ཆས་པའི་རླངས་འཁོར་ཞིག་ཚེས22ཉིན་གྱི་ཕྱི་དྲོར་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་ཏཱ་ལཱ་ནོའུ་ཨར་ས་ཁུལ་དུ་བགྲོད་སྐབས་ལམ་འགྲམ་གྱི་འགས་གཏོད་འཇབ་རྒོལ་ཐེབས། འདས་པོ་དྲུག་པོའི་གྲས་སུ་ནར་སོན་མེད་པའི་སློབ་མ་བཞི་དང་དགེ་རྒན་གཉིས་འདུས་པ་དང་། ཚང་མ་ནོའུ་ལི་སི་ཐན་ཞིང་ཆེན་གྱི་ཆོས་ལུགས་སློབ་གྲྭ་ཞིག་ནས་ཡོང་བ་རེད།

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་་གཏོར་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།