ཙེ་ལེན་སི་ཅི་དང་མའོ་ཏིས་ཀྱིས་གྲོས་མོལ་བྱས་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་གནད་དོན་ལ་གྲོས་བསྡུར་བྱས།
2024.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས23ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་ས་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་གྲོས་མོལ་བྱས་ཏེ།  ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་མང་བོ་བཀོད།

ཙེ་ལེན་སི་ཅི་ཡིས་དྲ་ཐོག་ཏུ་གྲོས་མོལ་བྱས་པའི་བརྙན་རིས་སྤེལ་ནས་བཤད་རྒྱུར། མའོ་ཏིས་ཀྱིས་ཉིན་དེར་ཝུའུ་ཁི་ལན་ལ་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་འདྲི་ཞུས་པ་དང་། འཚམས་འདྲིའི་སྐབས་སུ་ཝུའུ་ཁི་ལན་དང་རྒྱ་གར་ཕྱོགས་གཉིས་ཀྱིས་སྨན་བཅོས་དང་ཞིང་ལས། རིག་གནས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་ཉོ་ཚོང་འཕེལ་རྒྱས་སུ་གཏོང་བ་དང་། མུ་མཐུད་དུ་དམག་དོན་ལག་རྩལ་གྱི་མཉམ་ལས་སྤེལ་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ། མའོ་ཏིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་ནང་ཕྱོགས་སོ་སོས་མཉམ་དུ་དང་ལེན་བྱེད་ཐབས་པའི་ཐག་གཅོད་ཇུས་གཞི་བཏོན་ནས། སྔ་མོ་ནས་ཞི་བདེ་སླར་གསོ་བྱེད་པར་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བཏང་། ཙེ་ལེན་སི་ཅི་ཡིས་བསྟན་དོན། རྒྱ་གར་གྱིས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། འཐབ་འཁྲུག་མཇུག་སྒྲིལ་བ་དང་དྲང་བདེན་གྱི་ཞི་བདེ་མངོན་འགྱུར་བྱེད་པ་ནི་ཝུའུ་ཁི་ལན་གྱི་ལས་འགན་གཙོ་བོ་ཡིན་ཟེར། ཁོས་མའོ་ཏིས་དང་མཉམ་དུ་ཟླ་དྲུག་པར་སུའེ་ཙེར་ནས་བསྡུས་པའི་ཝུའུ་ཁི་ལན་གྱི་ཞི་བདེའི་མཐོ་རིམ་གྲོས་ཚོགས་ལ་གྲོས་བསྡུར་བྱས།

ཨུ་རུ་སི་ཝུའུ་ཁི་ལན་གྱི་ཞི་བདེའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་མེད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་མང་བོར་ནན་གྱིས་བསྟན་དོན། ཨུ་རུ་སི་ཞུགས་མེད་པའི་གནས་ཚུལ་འོག་ཞི་བདེ་འཚོལ་ཞིབ་བྱེད་པའི་བྱེད་འདོད་པ་ནི་དགོད་བྲོ་བ་ཞིག་རེད་ཟེར།

མའོ་ཏིས་ཀྱིས་ཟླ་བདུན་པར་ཨུ་རུ་སིར་འཚམས་འདྲི་བྱས་པ་དང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་གནད་དོན་ལ་གྲོས་བསྡུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།