ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་སེ་དབྱེ་ཏི་ཡིས་ཉིན་དེར་ནེ་ཀི་ལ་བཅོས་སྒྲིག་བྱས།
ཐེངས་འདིའི་ནེ་ཀིའི་བཅོས་སྒྲིག་ལས་རྒྱལ་སྲུང་པུའུ་ཀྲང་དང་ཕྱི་འབྲེལ་པུའུ་ཀྲང་སོགས་པུའུ་ཀྲང་བཅུ་དགུ་དང་རྒྱལ་སྲིད་དྲུང་ཡིག་གསུམ་བརྗེ་སྤོར་བྱས་ཟེར་ཡང་། གསལ་སྒྲོག་ལས་ནེ་ཀིའི་བཅོས་སྒྲིག་གི་རྒྱུ་རྐྱེན་གསལ་བོར་གླེང་མེད།
གསར་དུ་བསྐོ་འཇོག་བྱས་པའི་ནེ་ཀིའི་ཁོངས་མིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
ཟླ་འདིའི་ཚེས7ཉིན། སེ་དབྱེ་ཏི་ཡིས་སྐབས་དེའི་ཙུང་ལི་ཧཱ་ཧྲ་ནེ་ཡི་ལས་འགན་བླངས་པ་དང་། ཁཱ་མེད་ལེ་མཱ་ཏུའུ་ལི་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ་རེད།
ཐུ་ནི་ཞི་ཡཱ་ཡིས་ད་ལོའི་ཟླ10བའི་ཚེས6ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། སེ་དབྱེ་ཏི་ཡིས་ཟླ་བདུན་པར་ཙུང་ཐུང་འགྲན་རྩོད་ལ་ཞུགས་རྒྱུ་ཁྱབ་བསྒྲགས་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།