དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་ལྔ་བསད།
2024.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ནོའུ་ཨར་ཧྲ་མུའུ་སི་ཡུལ་གྱར་བའི་སྒར་སར་འགས་གཏོར་བཏང་སྟེ། ཕཱ་ལེ་སི་ཐན་གྱི་མི་ལྔ་བསད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་བྱུང་རྗེས། ཡུལ་གྱར་བ་ལྔའི་བེམ་པོ་ཡུལ་གྱར་བའི་སྒར་སའི་ཉེ་འདབས་ཀྱི་ཐུའུ་ལེ་ཁའེ་ཨར་མུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཨ་ཏི་ལཱ་དབྱེ་ཡིས་ཚེས26ཉིན་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གི་གནམ་གྲུ་ཞིག་གིས་ནོའུ་ཨར་ཧྲ་མུའུ་སི་ས་ཁུལ་གྱི་འཐབ་འཁྲུག་བཀོད་འདོམ་ཁང་ཞིག་ལ་འཇབ་རྒོལ་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།