ཨོ་སི་ཁྲུ་ལི་ཡའི་གནམ་གཤིས་ཁང་གིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡ་ནུབ་མ་མངའ་སྡེའི་དབྱང་ཕིས་སང་ཏི་ས་ཁུལ་དུ་ཚེས་ཉེར་དྲུག་ཉིན་དྲོད་གྲངས་ཏུའུ་ཞེ་གཅིག་གྲངས་ཆུང་དྲུག་ཏུ་འཕར་ནས། རྒྱལ་ཁབ་དེའི་དགུན་དུས་ཀྱི་གནམ་གཤིས་ཆེས་དྲོ་བའི་ཟིན་ཐོ་བསྐྲུན།
ཨོ་སི་ཁྲུ་ལི་ཡའི་གནམ་གཤིས་ཅུས་ཀྱིས་སྤྱི་འབྲེལ་སྨྱན་བྱད་སྟེང་བཤད་རྒྱུར། དབྱང་ཕིས་སང་ཏི་ས་ཁུལ་གྱི་ཚེས་ཉེར་དྲུག་ཉིན་གྱི་གནམ་གཤིས་དེས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་གྱི་རྒྱལ་ཁབ་དེའི་ཞིས་ལུའོ་པ་ཁུ་ས་ཁུལ་གྱིས་ཏུའུ་གྲངས་ཞེ་གཅིག་གྲངས་ཆུང་གཉིས་ཀྱི་རྒྱལ་ཡོངས་ཟིན་ཐོ་ལས་བརྒལ་འདུག
ཨོ་སི་ཁྲུ་ལི་ཡའི་གནམ་གཤིས་ཁང་གིས་བཤད་རྒྱུར། དགུན་ཁ་དྲོ་བའི་སྣང་ཚུལ་བྱུང་དོན་ནི་ཟླ་བརྒྱད་པའི་ནང་དུ་མཐོ་གནོན་རླུང་འཁྱིལ་དེ་ཨོ་སི་ཁྲུ་ལི་ཡའི་དབུས་ཕྱོགས་དང་བྱང་ཕྱོགས་ས་ཁུལ་དུ་བསྡད་པས་རེད་ལ། དེ་ཡིས་གནམ་གཤིས་དྲོན་པོ་དང་བསྟུད་མར་ཉི་མ་དྲོ་བ་ལ་བརྟེན་ནས། ཚ་ནུས་འབོར་ཆེན་གསོག་འཇོག་བྱས་པས་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།