སུའུ་ཏན་མྱུར་སྐྱོབ་རོགས་སྐྱོར་དམག་དཔུང་གིས་ཧྥ་ཞི་ཨར་གྲོང་ཁྱེར་ལ་སྒྱོགས་མདེལ་འཕངས་ནས་མི་ཉེར་ལྔ་རྐྱེན་ལམ་དུ་བཏང་།
2024.08.28 ཁུངས། ཀློག་གྲངས། 16

སུའུ་ཏན་བྱང་མའི་ཏཱ་ཨར་ཧྥུའུ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། སུའུ་ཏན་མྱུར་སྐྱོབ་རོགས་སྐྱོར་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་ཧྥ་ཞི་ཨར་གྲོང་ཁྱེར་ལ་སྒྱོགས་མདེལ་འཕངས་ནས། མི་ཉེར་ལྔ་རྐྱེན་ལམ་དུ་བཏང་བ་དང་། གཞན་མི་སུམ་ཅུ་རྨས། 

ཏཱ་ཨར་ཧྥུའུ་ཨར་བྱང་མའི་མངའ་སྡེའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ལཱ་ཞིན་ཨ་པུའུ་ཏུའུ་ལཱ་ཧ་ཐིས་ཨར་གྱིས་ཚེས་ཉེར་བདུན་ཉིན་གསལ་བསྒྲགས་སྤེལ་དོན། སུའུ་ཏན་མྱུར་སྐྱོབ་རོགས་བསྐྱོད་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོ་ཧྥ་ཞི་ཨར་གྲོང་ཁྱེར་དུ་བསྟུད་མར་དུས་ཚོད་བཞིའི་རིང་ལ་རྒོལ་རྡུང་བྱས་པས། འབར་མདེལ་བཞི་གྲོང་ཁྱེར་དེའི་བྱང་ཕྱོགས་ཀྱི་ཨ་པུའུ་ཧྲུའུ་ཁུ་ཞེས་པའི་ཡུལ་གྱར་པའི་སྒར་སའི་ཁྲོམ་ར་ལ་ལྷུང་ནས། མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། ཕལ་ཆེར་མི་སུམ་ཅུ་ལྷག་ལ་རྨས་སྐྱོན་བཟོས། རྨས་མ་དག་ཉེ་འགྲམ་གྱི་འཕྲོད་བསྟེན་ལྟེ་གནས་སུ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིན་ཡོད། 

སུའུ་ཏན་གྱི་ས་གནས་རྩ་འཛུགས་ཧྥ་ཞིས་ཨར་འགོག་རྒོལ་ཚོགས་པས་ཉེས་ཉེར་བདུན་ཉིན་བཤད་རྒྱུར། ཧྥ་ཞིས་ཨར་ནུབ་ཕྱོགས་ཀྱི་སློབ་གྲྭ་ཞིག་འབར་མདེལ་གྱིས་གཏོར་སྐྱོན་ཆེན་པོ་བཟོས་འདུག  

སུའུ་ཏན་མྱུར་སྐྱོབ་རོགས་སྐྱོར་དམག་དཔུང་གིས་དོན་དེའི་ཐད་གསལ་བཤད་ཅི་ཡང་བྱས་མི་འདུག  

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།