གྱེན་འཕུར་གནམ་གྲུ་ཞིག་ཕོར་ཐུ་ཀལ་བྱང་ཕྱོགས་ཀྱི་གྲོང་ཁྱེར་ལཱ་མེ་ཀུའུ་ཡི་ཏུའུ་ལུའོ་གཙང་བོའི་ནང་དུ་ལྷུང་ནས་དམག་མི་བཞི་རྐྱེན་ལམ་དུ་ཤོར། 
2024.08.31 ཁུངས། ཀློག་གྲངས། 20

       གྱེན་འཕུར་གནམ་གྲུ་ཞིག་ཚེས་སུམ་ཅུ་ཉིན་ཕོར་ཐུ་ཀལ་བྱང་ཕྱོགས་ཀྱི་གྲོང་ཁྱེར་ལཱ་མེ་ཀུའུ་ཡི་ཏུའུ་ལུའོ་གཙང་བོའི་ནང་དུ་ལྷུང་ནས། དམག་མི་བཞི་རྐྱེན་ལམ་དུ་ཤོར་པ་དང་། གཞན་གཅིག་གར་སོང་ཆ་མེད་དུ་གྱུར། 

ས་གནས་དེ་གའི་སྨྱན་སྦྱོར་གྱིས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་དེའི་སྟེང་དུ་ཁོ་ལོ་པ་གཅིག་དང་ཕོར་ཐུ་ཀལ་གྱི་རྒྱལ་སྲུང་དམག་མི་ལྔ་འདུག གྱེན་འཕུར་གནམ་གྲུ་དེ་ཉིན་དེར་བྱང་ཕྱོགས་ཀྱི་ནགས་ཚལ་མེ་གསོད་བྱ་འགུལ་ལ་ཞུགས་པ་དང་། ཕྱིར་ཡོང་བའི་ལམ་བར་དུ་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་སྐར་མ་ལྔ་བཅུ་ཡས་མས་སུ་སར་ལྷུང་ནས་གས་སྐྱོན་བྱུང་། ཁ་ལོ་པ་དེ་གཙང་ངོགས་ཀྱི་གྲུ་བ་ཞིག་གིས་མཐོང་ནས་བསྐྱབས་པས། ད་ལྟ་སྨན་ཁང་ནང་དུ་བརྟག་དཔྱད་བྱེད་ཀྱིན་འདུག་ལ། ཚེ་སྲོག་གི་ཉེན་ཁ་མི་འདུག བོར་ཟིན་པའི་དམག་མི་དེ་སྔར་བཞིན་བཙལ་བཞིན་པའི་སྒང་རེད། 

ཕོར་ཐུ་ཀལ་གྱི་ཙུང་ལི་མིན་ཐིག་ནེ་ཀི་ལུའོ་ཡིས་ཉིན་དེར་ལཱ་མེ་ཀུའུ་གྲོང་ཁྱེར་དུ་གཏམ་བཤད་སྤེལ་ནས། འདས་ཟིན་པའི་དམག་མི་བཞི་ལ་མྱ་ངན་ཞུས་པ་དང་། བོར་སོང་བའི་དམག་མི་དེ་འབྲེལ་ཡོད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་དགོས་ཞེས་བསྟན། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།