ཐུར་ཁེའི་ཉེན་རྟོག་པས་ལྐོག་ཇུས་འཐེན་ནས་འཇིགས་སྐུལ་འཇབ་རྒོལ་བྱེད་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས།
2024.08.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཚེས30ཉིན་ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་ཤོས་དབྱི་སི་ཐན་པུའུ་ཨར་ནས་ལྐོག་གཡོའི་འཇིགས་སྐུལ་འཇབ་རྒོལ་བྱེད་མཁན་གྱི་ཐལ་སྤྱོད་རྩ་འཛུགས་ཀྱི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས།

ས་གནས་དེ་གའི་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཆུ་ཚོད24རིང་ཚོད་འཛིན་ལྟ་ཞིབ་བྱས་རྗེས་དབྱི་སི་ཐན་པུའུ་ཨར་གྱི་སྡོད་ཁང་ཞིག་ནས་ཐལ་སྤྱོད་རྩ་འཛུགས་ཀྱི“དབྱི་སི་ལན་རྒྱལ་ཁབ”དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས། ཉེན་རྟོག་ཕྱོགས་ཀྱིས་བལྟས་ན། དོགས་ཡོད་ཉེས་ཅན་དེས་འཇིགས་སྐུལ་འཇབ་རྒོལ་གྱི་འབྲེལ་ཡོད་སྦྱོང་བརྡར་དང་ལེན་བྱས་ཏེ། ཁྲིམས་འགལ་གྱི་ཐབས་ལམ་བརྒྱུད་ནས་ཐུར་ཁེར་བསྐྱོད་པ་མ་ཟད། འཇིགས་སྐུལ་གྱི་འཇབ་རྒོལ་བྱེད་རྩིས་ཡོད་པར་ངོས་འཛིན་བྱས།

ཉིན་དེའི་སྔ་མོའི་དུས་སུ། ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེའར་ལིས་ཁ་ཡཱ་ཡིས་བཤད་རྒྱུར། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་འདས་ཟིན་པའི་ཉིན་ལྔའི་རིང་ལ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“དབྱི་སི་ལན་རྒྱལ་ཁབ”དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན119འཛིན་བཟུང་བྱས་ཡོད་ཟེར།

ཐུར་ཁེའི་སྲིད་གཞུང་གིས“དབྱི་སི་ལན་རྒྱལ་ཁབ”ཀྱིས་ལོ་མང་པོའི་རིང་ལ་ཐུར་ཁེར་འཇབ་རྒོལ་ཐེངས་མང་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བཟོས་ཡོད་པས། ཐུར་ཁེའི་སྲིད་གཞུང་གིས“དབྱི་སི་ལན་རྒྱལ་ཁབ”ལ་རྡུང་རྡེག་བྱེད་ཤུགས་ཆེ་རུ་བཏང་བར་ངོས་འཛིན་བྱས་ཡོད།

ཚེ་རིང་སྒྲོལ་མས་བསྒྱུར།