ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལན་སི་ཅི་ཡིས་ཚེས་སུམ་ཅུ་ཉིན་བཀའ་རྒྱར་མིང་བཀོད་དེ། ཝུའུ་ཁི་ལན་མཁའ་དམག་གི་དམག་སྤྱི་ཉིས་ཀུའུ་ལ.ཨའོ་ལེ་ཞིག་ཁི་ཡི་གོ་གནས་བླངས།
ཙི་ལེན་སི་ཅི་ཡིས་ཉིན་དེར་སྤྱི་ཚོགས་སྨྱན་བྱད་སྟེང་ཡིག་ཆ་སྤེལ་ཏེ་བཤད་རྒྱུར། ཁོས་ཨའོ་ལེ་ཞིག་ཁི་ཡི་མཁའ་དམག་གི་དམག་སྤྱིའི་གོ་གནས་ལེན་རྒྱུ་ཐག་བཅད་་ཡོད་ཟེར། ཁོས་ཝུའུ་ཁི་ལན་མཁའ་དམག་གིས་འགོ་ཁྲིད་ཚོགས་པར་ངེས་པར་དུ་ཤུགས་སྣོན་བརྒྱབ་ནས་མི་དམངས་དང་མཁའ་དམག་གི་མི་སྣར་སྲུང་སྐྱོབ་སྔར་ལས་ལེགས་པོ་བྱེད་དགོས་པ་ནན་གྱིས་བསྟན།
ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་དེའི་རྗེས་སུ་སྤྱི་ཚོགས་སྨྱན་བྱད་སྟེང་ཡིག་ཆ་སྤེལ་ཏེ་བཤད་རྒྱུར། ཝུའུ་ཁི་ལན་དབུས་རྒྱུད་ཀྱི་མཁའ་དམག་གི་དམག་སྤྱི་ཨ་ན་ཐོ་ལིས.ཁི་ལིས་ཨོ་ནོ་རིས་ཁི་ཡིས་ཚེས30ཉིན་ནས་བཟུང་ཝུའུ་ཁི་ལན་མཁའ་དམག་གི་དམག་སྤྱི་ཚབ་མའི་འགན་འཁུར་ཡོད་ཟེར།
ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་ཉེར་དགུ་ཉིན། ཝུའུ་ཁི་ལན་མཁའ་དམག་གིF—16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་གིས་ཚེས26ཉིན་ཨུ་རུ་སིའི་དམག་དཔུང་གི་འཕུར་མདའི་འཇབ་རྒོལ་ལ་གདོང་གཏོད་པའི་གོ་རིམ་ཁྲོད་དུ་སར་ལྷུང་བས། གནམ་གྲུའི་ཁ་ལོ་པ་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།
ཚེ་རིང་སྒྲོལ་མས་བསྒྱུར།