ཟླ9བའི་ཚེས4ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་གྱིས་པེ་ཅིང་དུ་སེ་ནེ་ཀལ་གྱི་ཙུང་ཐུང་གི་ལྕམ་མོ་མ་ལེ་དང་གླེང་མོལ་བྱས།
ཟླ9བའི་ཚེས4ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་གྱིས་པེ་ཅིང་དུ་སེ་ནེ་ཀལ་གྱི་ཙུང་ཐུང་གི་ལྕམ་མོ་མ་ལེ་དང་གླེང་མོལ་བྱས། ཕིན་ལིས་ཡོན་གྱིས་མ་ལེ་ཙུང་ཐུང་ཧྥ་ཡེ་དང་མཉམ་དུ་ཀྲུང་གོར་ཡོང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ལ་ཞུགས་པར་མ་ཟད་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་གནང་བར་དགའ་བསུ་ཞུས། ཕིན་ལིས་ཡོན་གྱིས་བསྟན་དོན། ཀྲུང་གོ་དང་སེ་ནེ་ཀལ་བར་རིག་གནས་སྲོལ་རྒྱུན་སོགས་ཐད་ཕན་ཚུན་མཐུན་ཆ་མང་པོ་ཡོད་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ཁྲོད་ཕན་ཚུན་ཤེས་རྟོགས་དང་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་བར་རེ་སྒུག་བྱེད་ཀྱི་ཡོད། མ་ལེ་དང་བུད་མེད་ཀྱི་སློབ་གསོ་དང་འཕྲོད་བསྟེན་བདེ་ཐང་སོགས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
མ་ལེ་ཡིས་ཕིན་ལིས་ཡོན་གྱིས་དུས་ཡུན་རིང་པོའི་ནང་སེ་ནེ་ཀལ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་བུད་མེད་དང་བྱིས་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་ཆེད་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཚད་མཐོའི་གདེང་འཇོག་བྱས་པ་དང་། དེ་མིན་ཕྱོགས་གཉིས་ཀྱི་བརྗེ་་རེས་མཉམ་ལས་སྔར་ལས་ཟབ་ཏུ་བཏང་ནས། སེ་ནེ་ཀལ་དང་ཀྲུང་གོའི་མཛའ་བརྩེའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།