དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཞིང་ཆེན་དུ་འགས་གཏོར་དོན་རྐྱེན་བྱུང་།
2024.09.05 ཁུངས། ཀློག་གྲངས། 6

དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཞིང་ཆེན་དུ་ཚེས་བཞི་ཉིན་འགས་གཏོར་དོན་རྐྱེན་བྱུང་ནས། དབྱི་རག་གི་གསང་འཕྲིན་མི་སྣ་གཅིག་རྐྱེན་ལམ་དུ་ཤོར་བ་དང་དམག་མི་གསུམ་ལ་རྨས་ལྕི་མོ་ཕོག

ཆ་འཕྲིན་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་རག་དམག་ཕྱོགས་ཀྱི་གསང་འཕྲིན་མི་སྣ་ཞིག་ཚེས་བཞི་ཉིན་རླངས་འཁོར་ལ་བསྡད་ནས་ཅི་ཨར་ཁུའུ་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་ཀྱི་སྡེ་བ་ཞིག་ལ་འགྲོ་སྐབས་ལམ་བར་དུ་འགས་གཏོར་དོན་རྐྱེན་བྱུང་ནས། གསང་འཕྲིན་དཔོན་རིགས་དེ་རྐྱེན་ལམ་དུ་ཤོར་པ་དང་། ཁོའི་འགྲོ་རོགས་དམག་མི་གསུམ་ལ་རྨས་ལྗི་མོ་ཕོག་པ་མ་ཟད།  རླངས་འཁོར་ལ་གས་ཆག་ཚབས་ཆེན་བྱུང་འདུག 

ཆ་འཕྲིན་མི་སྣ་དེས་མུ་མཐུད་དུ་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱིས་འགས་གཏོར་བྱུང་ས་རུ་དུས་ངེས་མེད་དུ་བྱ་འགུལ་སྤེལ་བཞིན་འདུག 

མིག་སྔར་རྩ་འཛུགས་གང་རུང་གིས་དོན་དག་དེ་བཟོས་པ་ཁས་ལེན་བྱས་མེད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།