ཟླ9བའི་ཚེས4ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཧྥུའུ་ལ་ཏི་ཝོ་སི་ཐོ་ཁི་རུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕཕྲད་གནང་།
ཟླ9པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཧྥུའུ་ལ་ཏི་ཝོ་སི་ཐོ་ཁི་རུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕཕྲད་གནང་།
ཧན་ཀྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་བར་མ་ཟད། ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་སྟེང་ལངས་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོགདུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བ་མུ་མཐུད་དུ་ཆུ་ཚད་མཐོ་བའི་སྒོ་ནས་འཁོར་སྐྱོད་བྱེད་ཀྱི་ཡོད་པས། ཀྲུང་གོའི་ཕྱོགས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ནུས་པ་དང་ཤུགས་རྐྱེན་ལ་ཚད་མཐོའི་གདེང་འཇོག་བྱེད་བཞིན་ཡོད་པ་དང་། ཨུ་རུ་སིའི་རྒྱང་ཤར་ས་ཁུལ་གྱི་གསར་སྤེལ་མཉམ་ལས་ལ་ཧུར་ཐག་གིས་རྒྱབ་སྐྱོར་དང་དེའི་ནང་དུ་ཞུགས་ནས། ཨུ་རུ་སི་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་གྲུབ་འབྲས་སྔར་ལས་མང་པོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་ནས། མཉམ་དུ་འཕེལ་རྒྱས་དང་དར་རྒྱས་གཏོང་བར་སྐུལ་འདེད་བྱེད་འདོད་ཡོད་ཅེས་གསུངས།
ཕུའུ་ཅིན་གྱིས་བསྟན་དོན། ཧན་ཀྲིན་ཨུ་རུ་སིའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་དགུ་པར་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་བཞིན་པ་བརྒྱུད་བསྒྲགས་གནང་རོགས་ཞུས། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཨུ་རུ་སིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས།ས་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྔར་ལས་མང་པོ་འཚོལ་ཞིབ་བྱེད་པར་རེ་སྒུག་བྱེད་ཀྱི་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།