ཚེས5ཉིན། ཧྥ་རན་སིའི་ཙུང་ཐུང་ལས་ཤག་གིས་གསར་འགྱུར་སྤྱི་སྒྲོག་སྤེལ་ནས་བཤད་རྒྱུར། ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་མིས་ཞེ་ཨར·པཱ་ཉིས་ཡེ་ཙུང་ལི་གསར་པར་བསྐོས་པར་མ་ཟད། ཁོར་སྲིད་གཞུང་གསར་པ་འཛུགས་རྒྱུའི་འགན་ཡང་བཅོལ་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། བསྐོ་འཇོག་དེ་ནི་ཙུང་ཐུང་མཱ་ཁི་ལུང་གིས“སྔར་བྱུང་མ་མྱོང་བའི་གྲོས་མོལ་རྒྱ་ཁྱབ”བྱས་རྗེས་བསྐོ་འཇོག་བྱས་པ་ཞིག་ཡིན་པ་དང་། ཙུང་ཐུང་གིས“རྩ་ཁྲིམས་ཀྱི་འགན་འཁྲི་གཞིར་བཟུང་ནས། ཙུང་ལི་གསར་པ་དང་གྲུབ་ལ་ཉེ་བའི་སྲིད་གཞུང་བརྟན་བརླིང་ཡོང་རྒྱུར་འགན་ལེན་བྱེད་དགོས་པར་མ་ཟད། ཕྱོགས་སོ་སོའི་སྟོབས་ཤུགས་དང་སྔར་ལས་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱེད་ཐུབ་ངེས་ཡིན”ཟེར།
ད་ལོ་ལོ73ཡིན་པའི་པཱ་ཉིས་ཡེ་ནི་ཧྥ་རན་སིའི་གཡས་ཕྱོགས་པ་ཡིན་པ་དང་། སྲིད་གཞུང་གི་པུའུ་ཀྲང་གི་འགན་ཐེངས་མང་ལ་འཁུར་མྱོང་བར་མ་ཟད། ཡོ་རོབ་མནའ་འབྲེལ་གྱི་ཨུ་ཡོན་གྱི་འགན་ཐེངས་གཉིས་ལ་འཁུར་མྱོང་། 2016ལོ་ནས་བཟུང་། ཁོས་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་འབྲལ་རྒྱུའི”ལས་དོན་གྱི་འགན་འཁུར་མཁན་ཡོ་རོབ་མནའ་འབྲེལ་གྱི་དབུ་བཞུགས་གྲོས་མོལ་སྐུ་ཚབ་ཀྱི་འགན་འཁུར་མྱོང་།
བན་དེ་སྐྱབས་ཀྱིས་བསྒྱུར།