ཚེས6ཉིན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཝུའུ་ཁི་ལན་ལ་རིན་ཐང་ཨ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ཡི་དམག་དོན་རོགས་སྐྱོར་བྱས་ཏེ། ཝུའུ་ཁི་ལན་ཕྱོགས་ཀྱི་བདེ་འཇགས་དང་རྒྱལ་སྲུང་གི་དགོས་མཁོ་སྐོང་རྒྱུ་ཁྱབ་བསྒྲགས་བྱས།
གསལ་བསྒྲགས་ནང་བཤད་རྒྱུར། དམག་དོན་རོགས་སྐྱོར་དེ་རྒྱལ་སྲུང་མཛོད་ཉར་ཁྲོད་ནས་གཏོང་སྤྲོད་བྱེད་རྒྱུ་ཡིན་ཞིང་། དེའི་ནང་དུ་མཁའ་ཟོན་འཕུར་མདེལ་དང་མེ་ཤུགས་འཕུར་མདའི་མེ་སྒྱོགས་མ་ལག མེ་སྒྱོགས་རྫས་མདེལ། ཐན་ཁེར་རྒོལ་བའི་མཚོན་ཆ་དང་ཁྲབ་ལྡན་འཁོར་ལོ་སོགས་འདས་ཡོད་ཟེར།
ཉེ་ལམ། ཝུའུ་ཁི་ལན་གྱིས་པའེ་ཏེང་སྲིད་གཞུང་ལ་མུ་མཐུད་དུ་གནོན་ཤུགས་སྤྲད་དེ། ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁས་བཟོས་པའི་རྒྱང་ཁྲིད་མཚོན་ཆ་སྤྱད་དེ་ཨུ་རུ་སུའི་ས་ཁོངས་སུ་ཕར་རྒོལ་བྱེད་པའི་དམིགས་འབེན་གྱི་ཚད་བཀག་མེད་པར་བཟོ་དགོས་པའི་བླང་བྱ་བཏོན། ཨ་རིའི་སྨྱན་སྦྱོར་གྱིས་བསྡོམས་རྩིས་བྱས་པལྟར་ན། ཝུའུ་ཁི་ལན་གྱི་ཉམས་ཉེན2022ལོའི་ཟླ2པར་ཆེ་རུ་ཕྱིན་པ་ནས་བཟུང་། ཨ་མེ་རི་ཁས་ཡུག་རེན་ལ་རིན་ཐང་ཨ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་ཙམ་གྱི་དམག་དོན་རོགས་སྐྱོར་བྱས་པ་དང་། ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་མཚོན་ཆའི་སྔོན་ཐོན་ཚད་གཞི་དང་གཏོར་སྐྱོན་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།