ཐུར་ཁེའི་དམག་གིས་དབྱི་སི་རལ་དང་སི་རི་ཡའི་བྱང་རྒྱུད་དུ་ཁུའར་ཏེའི་དྲག་ཆས་མི་སྣ35བསད།
2024.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཚེས6ཉིན།  ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཐུར་ཁེའི་དམག་དཔུང་གིས་ཉེ་ལམ་དབྱི་རག་གི་བྱང་རྒྱུད་དང་སི་རི་ཡའི་བྱང་རྒྱུད་དུ་ཁུའར་ཏེའི་དྲག་ཆས་མི་སྣ35བསད་ཟེར།

ཉིན་དེར་ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་ལས་ཐུར་ཁེའི་དམག་དཔུང་གིས་ཉེ་ལམ་དབྱི་རག་བྱང་རྒྱུད་ཀྱི“འཇིགས་སྐུལ་བར”མཁའ་རྒོལ་བྱས་ཏེ། འདས་ཟིན་པའི་ཉིན་བཞིའི་ནང་ཁུའར་ཏེ་བཟོ་པའི་ཏང་གི་དྲག་ཆས་མི་སྣ27བསད་ཡོད་ཟེར།  གཞན་ཡང་ཐུར་ཁེའི་དམག་གིས་སི་རི་ཡའི་བྱང་རྒྱུད་དུ་སི་རི་ཡའི་ཁུའར་ཏེའི་དྲག་ཆས་པའི“མི་དམངས་སྲུང་སྐྱོབ་དམག་དཔུང”གི་དྲག་ཆས་མི་སྣ8བསད་ཡོད་ཟེར།

ལོ་ཤས་རིང་། ཐུར་ཁེའི་དམག་གིས་རྒྱལ་མཚམས་ཐེངས་མང་བརྒལ་ཏེ་དབྱི་རག་གི་བྱང་རྒྱུད་དང་སི་རི་ཡའི་བྱང་རྒྱུད་དུ་ཡོད་པའི་ཁུའར་ཏེའི་དྲག་ཆས་མི་སྣར་རྡུང་རྡེག་བཏང་ནས།། ཐུར་ཁེའི་ཤར་ལྷོའི་རྒྱུད་ཀྱི་མཐའ་མཚམས་བདེ་འཇགས་འགན་ལེན་བྱས་ཡོད།

ཁུའར་ཏེ་བཟོ་པའི་ཏང་ནི1979ལོར་བཙུགས་པ་དང་། དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག  དབྱི་རན། སི་རི་ཡ་བཅས་ཀྱི་འབྲེལ་མཚམས་ཀྱི་ཁུའར་ཏེ་བའི་འདུས་སྡོད་ཁུལ་དུ་རང་བཙན་རྒྱལ་ཁབ་ཅིག་འཛུགས་རྒྱུར་རེ་བ་བྱེད་བཞིན་ཡོད་པ་དང་།  ཐུར་ཁེ་ཡིས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད། སི་རི་ཡར2011ལོར་ནང་འཁྲུག་ལངས་ཚུན“མི་དམངས་སྲུང་སྐྱོབ་དམག་དཔུང”ནི་ཁུའར་ཏེ་བ་འདུས་སྡོད་བྱེད་པའི་སི་རི་ཡའི་བྱང་རྒྱུད་ས་ཁུལ་དུ་བསྡདུ་ཡོད་པ་དང་།  ཐུར་ཁེ་ཕྱོགས་ཀྱིས“མི་དམངས་སྲུང་སྐྱོབ་དམག་དཔུང”ནི་ཁུའར་ཏེ་བཟོ་པའི་ཏང་ལས་གྱེས་པ་ཞིག་ཡིན་པ་དང་། དེ་བཞིན“འཇིགས་སྐུལ་རྩ་འཛུགས”ཀྱི་ཁོངས་སུ་གཏོགས་པར་འདོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།