བརྙན་ལམ་ལས་མངོན་པ་ལྟར་ན་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སུའི་ཕྱོགས་ལ་ཧ་ཡང་ཚ་རྫས་འབར་མདེལ་འཕངས་ཡོད་པ།
2024.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 61

ཚེས7ཉིན། ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཝུའུ་ཁི་ལན་རྒྱལ་སྲུང་པུའུ་སོགས་ཀྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱི“གློག་འཕྲིན”སྟེང་ཁྱབ་བསྒྲགས་བྱས་པའི་བརྙན་ལམ་ནས། ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུས་ནགས་ཚལ་ཞིག་ལ་དངོས་པོ་འཕངས་རྗེས་ནགས་ཚལ་དེར་མེ་སྐྱོན་ཤོར་བ་མངོན་ཡོད།  གནས་ཚུལ་སྤེལ་བའི་ཁྲོད། དབྱིན་ཇིའི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་རྩ་འཛུགས་ཤིག་གིས་དབྱེ་ཞིབ་བྱས་པའི་གནས་ཚུལ་དྲངས་ནས། དེ་ནི་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཧ་ཡང་ཚ་སྨན་བཏང་ནས་འབར་མདེལ་འཕངས་ཏེ་ནགས་ཚལ་ཁྲོད་ཡིབ་ནས་སྡོད་པའི་ཨུ་རུ་སུའི་ཐན་ཁེ་ལ་གཏོར་བརླག་གཏོང་རྩིས་བྱས་པ་ཞིག་རེད་ཟེར།  ཧ་ཡང་ཚ་རྫས་ནི་སྤྱིར་བཏང་དུ་ལྕགས་རིགས་ཧ་ཡང་དང་དབྱང་འགྱུར་ལྕགས་རིགས་གཉིས་བསྲེས་ནས་བཟོས་ཤིང་། འབར་བའི་དྲོད་ཚད་དེ་ཧྲེ་ཧྲི་ཏུའུ2500ལ་སླེབས་ཐུབ། ལྕགས་རིགས་བསྲེག་པ་དང་། ཡང་ན་ཁྱབ་རྒྱ་ཆེ་བའི་གཏོར་བརླག་དང་ཁོར་ཡུག་ལ་གནོད་པ་བཟོ་ཐུབ།

གཡང་འབུམ་རྒྱལ།