ཐུར་ཁེའི་ཁྲིམས་འཛིན་པུའུ་ཀྲང་ཐུང་ཆི་ཡིས་ཚེས12ཉིན་བཤད་རྒྱུར། ཐུར་ཁེ་ཡིས་ཉེ་སྔོན་ཐུར་ཁེའི་སྤྱི་དམངས་གཅིག་ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་དབྱི་སི་རལ་གྱི་དམག་དཔུང་གིས་བསད་པའི་གྱོད་དོན་ལ་རྟོག་ཞིབ་བྱེད་མགོ་བརྩམས།
ཐུང་ཆི་ཡིས་བཤད་རྒྱུར། ཨན་ཁཱ་ལཱའི་དབུ་བཞུགས་ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གིས་རྒྱལ་ནང་གི་བཅའ་ཁྲིམས་གཞིར་བཟུང་ནས་རྟོག་ཞིབ་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གི་ཁྲིམས་འགལ་འཇིགས་སྐུལ་འཇབ་རྒོལ་ཐད་ནས་ཐུར་ཁེ་ཁ་རོག་གེར་འདུག་མི་སྲིད་ཟེར། ཐུར་ཁེ་ཡིས་སྒེར་ཚུགས་ཀྱི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས་དོན་རྐྱེན་དེའི་ཐད་ནས་སྙན་ཞུ་སྤེལ་རྒྱུ་ཡིན་པ་དང་། ཧུར་ཐག་སྒོས་སྙན་ཞུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་བའ་ཁྲིམས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་བཅས་ལ་སྤྲོད་རྒྱུ་ཡིན་ཟེར།
ཐུར་ཁེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། བུད་མེད་ཅིག་ཉེ་སྔོན་ནཱ་པུའུ་ལུའུ་སིའི་ཉེ་འདབས་ཀྱི་པེད་ཐཱ་རུ་རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་སྐབས་དབྱི་སི་རལ་གྱི་དམག་དཔུང་གིས་མེ་མདས་བརྒྱབ་པ་དང་། ས་དེའི་སྨན་ཁང་གིས་བུད་མེད་དེའི་མགོར་མེ་མདའ་ཕོག་པའི་དབང་གིས་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས། བུད་མེད་དེ་ལོ26ཡིན་པ་དང་། ཐུར་ཁེ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་སྤྱི་དམངས་ཡིན། ཐུར་ཁེའི་སྲིད་གཞུང་གིས་དབྱི་སི་རལ་སྲིད་གཞུང་ལ་རྒོལ་གཏམ་བཏང་བ་དང་། དེ་ནི་དམར་གསོད་བྱ་སྤྱོད་ཅིག་ཡིན་ཟེར།
ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། འདས་པོའི་བེམ་པོ་ཐུར་ཁེའི་ཕྱོགས་ལ་བརྒྱུད་སྤྲོད་བྱེད་པའི་འབྲེལ་ཡོད་འགྲོ་ལུགས་ཡོངས་འགྲུབ་བྱས་ཡོད་པ་དང་། བེམ་པོ་ཚེས13ཉིན་ཐུར་ཁེ་རུ་བསྐྱལ་ནས་དུར་འཇུག་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།