སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡེ་ཡིས་ཚེས12ཉིན་རྒྱལ་དམངས་གྲོས་ཁང་གཏོར་བ་ཁྱབ་བསྒྲགས་བྱས་པར་མ་ཟད། ད་ལོའི་ཟླ11པའི་ཚེས17ཉིན་ཁྲིམས་འཛུགས་འདེམ་བསྐོ་བྱེད་རྒྱུའི་ཚུལ་བསྟན།
ཧྥ་ཡེ་ཡིས་ཉིན་དེར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཁོས་སེ་ནེ་ཀལ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཙུང་ལི། རྒྱལ་དམངས་གྲོས་ཁང་བཅས་ལས་བསམ་འཆར་བསྡུ་ལེན་བྱས་རྗེས་ཆོད་དོན་དེ་སྤེལ་བ་ཡིན། རྒྱལ་དམངས་གྲོས་ཁང་གཏོར་བ་ནི་མི་དམངས་ལས་ལམ་ལུགས་བྱེད་ཐབས་འཚོལ་ཞིབ་བྱས་ནས་མི་དམངས་ལ་ཁས་ལེན་བྱས་པའི་རྒྱལ་ཁབ་ཀྱི་མ་ལག་རང་བཞིན་ལྡན་པའི་ཚུལ་བསྒྱུར་ལག་བསྟར་བྱེད་ཆེད་ཡིན་ཟེར།
ཧྥ་ཡེ་ནི་ད་ལོའི་ཟླ3པའི་ཚེས24ཉིན་སྤེལ་བའི་སེ་ནེ་ཀལ་གྱི་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་ང་བཞི་དང་གྲངས་ཆུང་གཉིས་བརྒྱད་ཀྱི་འདེམ་ཤོག་ཐོབ་ཚད་ཀྱིས་ཙུང་ཐུང་ལ་བདམས་པ་ཡིན་ཡང་། ཁོས་འགོ་ཁྲིད་པའི་སྲིད་ཏང་གིས་རྒྱལ་དམངས་གྲོས་ཁང་ཁྲོད་སྔར་བཞིན་དུ་ལས་གནས་ཉུང་ཤས་ལས་ཟིན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།