དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས12ཉིན་སོ་སོར་དབྱི་ལིང་དུ་སྡོད་པའི་དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཧི་ལན་བཅས་ཀྱི་གཞུང་ཚབ་ཁང་གི་འགན་ཁུར་བར་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་དེ་དག་གིས་དབྱི་ལིང་གིས་ཨུ་རུ་སིར་འཕུར་མདའ་སྐྱེལ་འདྲེན་བྱས་པའི་སྐྱོན་འཛུགས་བྱས་ཏེ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་ངོ་རྒོལ་བྱས།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས12ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་ཡོ་རོབ་གླིང་ནུབ་མའི་ལས་དོན་ཟི་ཡི་ཟི་ཀྲང་ཨེ་ཧཱ་མེད་ཏཱ་པཱ་ཏིས་ཀྱིས་ཉིན་དེར་ཕྱི་འབྲེལ་པུའུ་ནས་སོ་སོར་དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཧི་ལན་བཅས་ཀྱི་དབྱི་ལིང་དུ་སྡོད་པའི་གཞུང་ཚབ་ཁང་གི་འགན་ཁུར་བར་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་དེ་དག་གིས་ཉེ་སྔོན་དབྱི་ལིང་ལ་དམིགས་པའི་གཏོར་བརླག་རང་བཞིན་གྱི་འགུལ་སྐྱོད་དང་གཏམ་བཤད་སྤེལ་བར་ངོ་རྒོལ་བྱས་པར་མ་ཟད་རྒོལ་གཏམ་དྲག་པོ་བཏང་། དབྱི་ལིང་གིས་ཨུ་རུ་སིར་འཕུར་མདའ་ཕྱིར་འཚོང་བྱས་པའི་སྐོར་གྱི་གནས་ཚུལ་གང་ཡིན་རུང་གཞི་འཛིན་ས་ཅི་ཡང་མེད་པའི་ནོར་འཆུག་གི་བྱ་སྤྱོད་ཅིག་ཡིན་པ་ནན་བཤད་བྱས། ཁོས་ད་རུང་དབྱི་ལིང་གིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཞི་བདེའི་སྒོ་ནས་འཁྲུག་རྩོད་ཐག་གཅོད་བྱེད་པའི་ལངས་ཕྱོགས་བཟུང་ཡོད་པ་བསྐྱར་སྒྲོག་བྱས།
ཨེ་ཧཱ་མེད་ཏཱ་པཱ་ཏིས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་རེ་འགས་བདེ་འཇགས་དང་ཞི་བདེ་གླེང་བའི་ཞོར་དུ། དབྱི་སི་རལ་སོགས་རྒྱལ་ཁབ་ལ་གསོད་རྨས་རང་བཞིན་གྱི་མཚོན་ཆ་ཕྱིར་འཚོང་བྱས་པ་དང་། དེ་ནི་འཛམ་གླིང་དུ་ཛ་དྲག་གི་གནས་བབ་བྱུང་བའི་འབྱུང་རྩ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།