ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས12ཉིན་རྒྱལ་ས་ཧཱ་ཝ་ནཱ་ནས་བཤད་རྒྱུར། མིག་སྔའི་མེ་སྒོར་གྱི་རིན་གོང་ལྟར་ན། ཨ་མེ་རི་ཁས་ཁུ་པཱ་ལ་ལོ་ངོ་བཅུ་ཕྲག་འགའི་རིང་གི་དཔལ་འབྱོར་དང་དངུལ་ལོར་བཀག་སྡོམ་དང་། ཉོ་ཚོང་གི་སྐྱེལ་འདྲེན་གཏན་འགོག་བྱས་པ་ལས་རིམ་བསགས་ཀྱིས་ཁུ་པཱ་ལ་མེ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་དྲུག་ཐེར་འབུམ་བཞི་དུང་ཕྱུར་གཅིག་གི་གྱོང་གུད་བཟོས་ཡོད་ཟེར།
ལོ་ཏི་ལི་ཀི་སི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། 2023ལོའི་ཟླ3པའི་ཚེས1ཉིན་ནས2024ལོའི་ཟླ2པའི་ཚེས29ཉིན་བར། ཨ་མེ་རི་ཁའི་བཀག་སྡོམ་ལས་ཁུ་པར་བཟོས་པའི་དཔལ་འབྱོར་གྱོང་གུད་མེ་སྒོར་ཐེར་འབུམ་ལྔ་དང་བྱེ་བ་དྲུག་ལ་བསླེབས་ཡོད་ཟེར།
ལོ་ཏི་ལི་ཀི་སི་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁའི་བཀག་སྡོམ་ནི་ཁུ་པཱ་མི་དམངས་ཀྱི་འགྲོ་མིའི་ཐོབ་ཐང་གི་གཞི་རྒྱ་ཆེ་ཞིང་མ་ལག་ལྡན་པའི་མངོན་སུམ་དུ་བཟོས་པའི་གནོད་པ་ཞིག་ཡིན་ལ། ཁུ་པཱའི་འཕེལ་རྒྱས་ཐད་ཀྱི་བཀག་རྒྱ་གཙོ་བོའང་ཡིན། གལ་ཏེ་བཀག་སྡོམ་མེད་ན2023ལོའི་ཁུ་པཱ་རྒྱལ་ནང་གི་སྤྱིའི་ཐོན་རིན་བརྒྱ་ཆའི་བརྒྱད་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།