ཨ་མེ་རི་ཁའི་བྱང་སྐར་སྐྱ་རེངས་ཞེས་པའི་མཁའ་འགྲུལ་ལས་འགན་ལག་བསྟར་བྱེད་བཞིན་པའི་མཁའ་འགྲུལ་པ་བཞི་ཚེས15ཉིན་ཨ་མེ་རི་ཁའི་བབར་སྣང་འཚོལ་ཞིབ་ལག་རྩལ་ཀུང་ཟིའི་འབྲུག་ཅེས་པའི་འཕུར་གྲུར་བསྡད་དེ་ཕྱིར་སའི་གོ་ལར་ལོག
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འབྲུག་ཅེས་པའི་འཕུར་གྲུ་དེ་ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས15ཉིན་གྱི་དུས་ཚོད3དང་སྐར་མ37སྟེང་ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཏི་ལའེ་ཐའོ་ཐུའུ་ཀི་སི་གླིང་ཚོམས་ཉེ་འདབས་ཀྱི་མཚོ་ཁོངས་སུ་བབས་པ་རེད་ཟེར།
བྱང་སྐར་སྐྱ་རེངས་ཞེས་པའི་ལས་འགན་རུ་ཁག་དེ་ལས་རིགས་མིན་པའི་མཁའ་འགྲུལ་པ་བཞི་ཡིས་གྲུབ་པ་དང་། ཁོ་ཚོ་ནི་ཚེས10ཉིན་འབྲུག་ཅེས་པའི་འཕུར་གྲུར་བསྡད་དེ་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཁུན་ནེ་ཏིས་མཁའ་སྐྱོད་ལྟེ་གནས་སུ་བར་སྣང་དུ་འཕུར་བ་ཡིན་ལ། ཉིན་ལྔའི་རིང་གི་བར་སྣང་འགྲུལ་བཞུད་བྱས་པ་རེད།ཨ་མེ་རི་ཁའི་རྩིས་སྤྲོད་ཞབས་ཞུའི་ཚོང་དོན་གྱི་སྲོལ་འབྱེད་མཁན་ནམ་དབུ་བཞུགས་ལག་བསྟར་དཔོན་ཨེ་སཱ་ཁི་མན་ནི་མཁའ་འགྲུལ་པ་བཞིའི་གྲས་སུ་ཡོད་ལ།ཐེངས་འདིའི་ལས་འགན་ནི་ཨེ་སཱ་ཁི་མན་དང་བར་སྣང་འཚོལ་་ཞིབ་ལག་རྩལ་ཀུང་ཟི་ཡིས་མ་དངུལ་མཉམ་གཏོང་བྱས་པ་རེད།
ལས་འགན་ལག་བསྟར་བྱེད་སྐབས། འབྲུག་ཅེས་པའི་འཕུར་གྲུ་དེས་མཁའ་འགྲུལ་པ་དྲུད་ནས་སའི་གོ་ལ་དང་བར་ཐག་སྤྱི་ལེ་སྟོང་གཅིག་དང་བཞི་བརྒྱ་ཡོད་པའི་གནས་སུ་འཕུར་བ་རེད། དེ་ནི་ལོ་ངོ་ལྔ་བཅུ་ལྷག་གི་ཡར་སྔོན་ཨ་པའོ་ལོ་འཆར་གཞི་མཇུག་སྒྲིལ་བའི་ཚུན་ལ་མིའི་རིགས་ཀྱི་བར་སྣང་འགྲུལ་བཞུད་བྱས་པ་ཆེས་རིང་བའི་གནས་རེད། ཚེས་བཅུ་གཉིས་ཉིན། ལས་འགན་རུ་ཁག་ཁྲོད་ཀྱི་མཁའ་འགྲུལ་པ་གཉིས་སྔ་རྗེས་སུ་འཕུར་གྲུ་ལས་ཕྱིར་བུད་ནས་སའི་གོ་ལའི་སྟེང་གི་ཚོང་ལས་ཀྱི་བར་སྣང་གི་འགྲུལ་བཞུད་ཡོངས་འགྲུབ་བྱས། ལས་འགན་རུ་ཁག་གིས་ད་རུང་ཚན་རིག་ཞིབ་འཇུག་དང་ཚོད་ལྟ་སྐོར་ཞིག་སྤེལ། དེའི་ནང་འཕུར་གྲུ་དང་འཁོར་སྐར་བར་གྱི་འཕྲིན་གཏོང་དང་། བར་སྣང་འཕུར་བསྐྱོད། བར་སྣང་གི་འགྱེད་འཕྲོ་ལས་མིའི་ལུས་ཕུང་བདེཐང་ཐད་ཀྱི་ཤུགས་རྐྱེན་སོགས་འདུས།
བསོད་ནམས་ཚེ་རིང་གིས་བསྒྱུར།
美“北极星黎明”任务团队结束任务返回地球
新华社洛杉矶9月15日电(记者谭晶晶)执行美国“北极星黎明”航天任务的4名非职业宇航员15日搭乘美国太空探索技术公司“龙”飞船返回地球。
据当地媒体报道,“龙”飞船于美国东部时间15日3时37分(北京时间15日15时37分)在美国佛罗里达州德赖托图格斯群岛附近海域溅落。
“北极星黎明”任务团队由4名非职业宇航员组成。他们10日搭乘“龙”飞船从佛罗里达州肯尼迪航天中心发射升空,进行为期5天的太空之旅。美国支付服务商“Shift4支付”创始人兼首席执行官艾萨克曼是4名宇航员之一,此次任务由艾萨克曼和太空探索技术公司共同出资。
任务期间,“龙”飞船携宇航员到达了距地球超过1400公里的远地点,这是自50多年前阿波罗计划结束以来人类太空旅行到达的最远位置。12日,任务团队中的两名宇航员先后出舱,完成了全球首次商业太空行走。任务团队还开展了一系列科学研究和实验,包括测试飞船与“星链”卫星之间的通信,研究太空飞行及太空辐射对人体健康的影响等。